འཚོལ་བཤེར།   
藏文频道
2015ལོའི་ཟླ་4ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་ཞིང་ཆེན་ཆིང་ཁྲོན་རྫོང་ཁོངས་སུ་རི་སྐྱེས་དོམ་ཁྲ་ཡོད་པ་གསར་རྟོགས་བྱུང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་14ཉིན། 15:23】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་མཚོ།)

     
    ༄༅།།སི་ཁྲོན་ཞིང་ཆེན་ཆིང་ཁྲོན་རྫོང་ཁོངས་སུ་རི་སྐྱེས་དོམ་ཁྲ་ཡོད་པ་གསར་རྟོགས་བྱུང་བ།
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཚེས་13ཉིན་སི་ཁྲོན་ཞིང་ཆེན་ཆིང་ཁྲོན་རྫོང་ཨུའི་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱུང་པ་ལྟར་ན། ས་གནས་དེ་ག་རུ་སྤེལ་བའི་2015ལོའི་དཔྱིད་དུས་རི་ཐང་ལྟ་ཞིབ་ཚད་ལེན་བྱེད་སྐབས་ལྟ་ཞིབ་ཚད་ལེན་ཚོགས་ཆུང་གིས་རྫོང་འདིའི་ཏུང་དབྱང་གྲོག་རོང་སྲུང་སྐྱོང་ཁུལ་དུ་རི་སྐྱེས་དོམ་ཁྲ་དར་མ་ཞིག་མཐོང་བ་རེད།
         ལྟ་ཞིབ་ཚད་ལེན་ཚོགས་ཆུང་གི་ཚོགས་མི་ཝང་ཅིན་སུང་གིས་གསར་འགོད་པར་ང་ཚོ་སྲུང་སྐྱོང་ཁུལ་གྱི་སྨྱུག་ཚལ་སྟུག་པོའི་ཕྱོགས་སུ་འགྲོ་བཞིན་པའི་སྐབས་སུ་རི་སྐྱེས་དོམ་ཁྲ་དར་མ་ཞིག་སྨྱུག་མའི་གསེབ་ཏུ་གན་རྐྱལ་དུ་ཉལ་འདུག་པ་མཐོང་ཞིང་། དོམ་ཁྲ་ཆེན་པོ་དེས་འཁྲིས་སུ་མི་ཡོད་པ་མཐོང་ཚེ་འདྲོགས་ནས་བྲོས་མེད་པར་དལ་དལ་ལྷོད་ལྷོད་ངང་འགྲོ་ཞོར་དུ་དྲི་ལ་སྣོམ་བཞིན་མདུན་དུ་སོང་ཞེས་བརྗོད་པ་རེད།
    【1】  【2】
    ༄༅།།སི་ཁྲོན་ཞིང་ཆེན་ཆིང་ཁྲོན་རྫོང་ཁོངས་སུ་རི་སྐྱེས་དོམ་ཁྲ་ཡོད་པ་གསར་རྟོགས་བྱུང་བ།
      

    ཕྱོགས་བསྡུས་གསར་འགྱུར།