མི་དམངས་དྲ་བ།>>འཕྲིན་གསར་གཡུ་ཡི་མེ་ལོང་།

༄༅།།2015ལོའི་དམག་དམངས་ཀྱིས་དཔྱིད་དཔལ་གསར་བཞད་ལ་བསུ་བ་ཞུ་བའི་ཇ་སྟོན་
ཚོགས་འདུ་པེ་ཅིང་དུ་འཚོགས་པ། 

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་12ཉིན། 10:55】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

༄༅།།2015ལོའི་དམག་དམངས་ཀྱིས་དཔྱིད་དཔལ་གསར་བཞད་ལ་བསུ་བ་ཞུ་བའི་ཇ་སྟོན་
ཚོགས་འདུ་པེ་ཅིང་དུ་འཚོགས་པ།

མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་11ཉིན་གྱི་སྔ་དྲོར། དམག་དམངས་ཀྱིས་དཔྱིད་དཔལ་གསར་བཞད་ལ་བསུ་བ་ཞུ་བའི་ཇ་སྟོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་ཞིས་ཅིན་ཕིང་དང་། ལི་ཁེ་ཆང་། ལིའུ་ཡུན་ཧྲན། ཀྲང་ཀའོ་ལི་སོགས་རྒྱལ་ཡོངས་ཀྱི་བཀུར་སྐྱོང་གཉིས་ཀྱི་དཔེ་བཟང་འཐུས་ཚབ་དང་། རྒྱལ་སའི་ལས་བྱེད་པ་མང་ཚོགས་དང་པེ་ཅིན་ལ་་བཅའ་སྡོད་དམག་དཔུང་གི་དཔོན་དམག་གི་འཐུས་ཚབ་བཅས་དང་དགའ་སྤྲོ་འཁོལ་བའི་ངང་མཉམ་དུ་འཛོམས་ཏེ་དམག་དམངས་བར་གྱི་ཉ་ཆུ་ལྟ་བུའི་བརྩེ་དུང་ལྷུག་པོར་གླེང་བ་དང་། བཀུར་སྐྱོང་གཉིས་ཀྱི་ལེགས་ཤིང་འོད་ཟེར་ལྡན་པའི་མདུན་ལམ་མཉམ་བརྗོད་གནང་བ་རེད། ཇ་སྟོན་ཚོགས་འདུ་མ་འཚོགས་གོང་ཞིས་ཅིན་ཕིང་སོགས་ཀྱིས་ཇ་སྟོན་ཚོགས་འདུར་ཞུགས་པའི་རྒྱལ་ཡོངས་ཀྱི་བཀུར་སྐྱོང་གཉིས་ཀྱི་འཐུས་ཚབ་རྣམས་ལ་མཛའ་བརྩེ་ལྡན་པའི་ངང་ནས་མཇལ་འཕྲད་གནང་བ་མ་ཟད། ཚང་མ་དང་དྲན་རྟེན་མཉམ་པར་ཡང་བླངས་པ་རེད། 
      ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི་ཡིས་ཇ་སྟོན་ཚོགས་འདུའི་ཐོག་སྨོན་ཚིག་ཞུས་ཤིང་། ཁོང་གིས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུ་བཅས་ཀྱི་ཚབ་ཞུས་ཏེ་མེས་རྒྱལ་སྲུང་སྐྱོང་དང་མེས་རྒྱལ་འཛུགས་སྐྲུན་བྱེད་ཆེད་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་བའི་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། ཉེན་རྟོག་དྲག་དཔུང་གི་དཔོན་དམག ཡུལ་དམག་གྲ་སྒྲིག་དམག་ཞབས་མི་སྣ། དམག་དཔུང་གི་ལས་བཟོ་པ་བཅས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པ་དང་། སྔོན་གཤེགས་དཔའ་བོ་དང་དམག་མིའི་ཁྱིམ་མི་དང་། དམག་མི་རྨས་སྐྱོན་ཅན། ལས་སྤོས་དང་དམག་ཁུངས་ནས་ཕྱིར་ལོག་པའི་དམག་མི། དམག་དཔུང་གི་ལས་བྲལ་ལས་འཁྱུར་ངལ་གསོའི་ལས་བྱེད་པ་བཅས་ཡོངས་ལ་མཛའ་བརྩེ་ལྡན་པའི་འཚམས་འདྲི་ཞུས་པ་མ་ཟད།  རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་རྒྱ་ཆེའི་ལས་བྱེད་པ་དང་མི་རིགས་ཁག་གི་མི་དམངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད།