མི་དམངས་དྲ་བ།

༄༅།།ལི་ཁེ་ཆང་གིས་ཕྱི་རྒྱལ་གྱི་མཁས་པ་རྣམས་དང་བཞུགས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་11ཉིན། 10:39】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

༄༅།།ལི་ཁེ་ཆང་གིས་ཕྱི་རྒྱལ་གྱི་མཁས་པ་རྣམས་དང་བཞུགས་མོལ་གནང་བ།

མི་དམངས་དྲ་བའི་འཕྲིན། ལུགས་རྙིང་གི་ཤིང་མོ་ལུག་ལོའི་དཔྱིད་གསར་དུས་ཆེན་འཆར་གྲབས་ཡོད་པའི་དུས་ཏེ། སྤྱི་ཟླ་2ཚེས་10ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཕྱག་ལས་གནང་བཞིན་པའི་ཕྱི་རྒྱལ་གྱི་མཁས་པ་ཆ་ཤས་ལ་མཛའ་བརྩེ་ལྡན་པའི་ངང་མཇལ་འཕྲད་གནང་བ་མ་ཟད་བཞུགས་མོལ་ཡང་གནང་བ་རེད། 
     ལི་ཁེ་ཆང་གིས་ཀྲུང་གོའི་སྲིད་གཞུང་དང་་མི་དམངས་ཀྱི་ཚབ་གནང་སྟེ་ཕྱི་རྒྱལ་གྱི་མཁས་པ་དང་ཁོང་ཚོའི་གཉེན་ཉེ་རྣམས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་དང་དཔྱིད་དཔལ་གསར་བཞད་ལ་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཞུས་པ་དང་། ཀྲུང་གོའི་བསྒྱུར་བཅོས་སྒོ་འབྱེད་དང་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་བྱ་གཞག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་རྒྱལ་སྤྱིའི་གྲོགས་པོ་རྣམས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

༄༅།།ལི་ཁེ་ཆང་གིས་ཕྱི་རྒྱལ་གྱི་མཁས་པ་རྣམས་དང་བཞུགས་མོལ་གནང་བ།
༄༅།།ལི་ཁེ་ཆང་གིས་ཕྱི་རྒྱལ་གྱི་མཁས་པ་རྣམས་དང་བཞུགས་མོལ་གནང་བ།
༄༅།།ལི་ཁེ་ཆང་གིས་ཕྱི་རྒྱལ་གྱི་མཁས་པ་རྣམས་དང་བཞུགས་མོལ་གནང་བ།