འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།དངོས་བྲིས་བརྙན་ཐུང་༼འོད་ཀྱི་ལམ་བུ་༽ཕབ་སྐྲུན་ལེགས་འགྲུབ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་17ཉིན། 15:41】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།དངོས་བྲིས་བརྙན་ཐུང་༼འོད་ཀྱི་ལམ་བུ་༽ཕབ་སྐྲུན་ལེགས་འགྲུབ་བྱུང་བ།
        མི་དམངས་དྲ་བའི་འཕྲིན། མེ་ཆ་གློག་བརྙན་སྒྱུར་སྐྲུན་ལྟེ་གནས་དང་ཐོན་མི་ལོ་ཙཱ་ལས་ཤག་གིས་ཕབ་སྐྲུན་བྱས་པའི་དངོས་བྲིས་བརྙན་ཐུང་༼འོད་ཀྱི་ལམ་བུ་༽ཞེས་པ་ད་ལྟ་ཡོངས་སུ་ལེགས་འགྲུབ་བྱུང་ཡོད་པ་རེད།
         ངོ་སྤྲོད། ༼འོད་ཀྱི་ལམ་བུ་༽ཞེས་པའི་དངོས་བྲིས་བརྙན་ཐུང་འདིར་ཕ་ཡུལ་ཨ་མདོའི་ཀླུ་ཆུ་ནས་ཡིན་པའི་མགོན་པོ་བཀྲ་ཤིས་ཀྱིས་དགུང་ལོ་གྱ་ལྔ་ཅན་གྱི་མ་ཡུམ་ཤིང་རྟར་དྲུད་དེ་སྤྱི་ལེ་ཉིས་སྟོང་ལྷག་གི་དབུས་ལམ་བརྒལ་བའི་གཏམ་རྒྱུད་བརྗོད་ཡོད། 
         ད་ལོའི་ཟླ་དྲུག་པའི་ཟླ་མཇུག་གི་ཉིན་མོ་ཞིག་ལ། མགོན་པོ་བཀྲ་ཤིས་བདེ་བླག་ངང་ལྷ་སར་འབྱོར། ང་ཚོས་གཏམ་འདི་ཐོས་འཕྲལ་ཁོ་མ་བུ་གཉིས་ལ་མཚམས་འདྲིར་ཕྱིན་པ་མ་ཟད། ང་ཚོའི་བཅར་འདྲི་ཡང་དང་ལེན་བྱས་ཏེ་མ་བུ་གཉིས་ཀྱི་དབུས་ལམ་གྱི་གཏམ་རྒྱུད་ལ་རོལ་བའི་གོ་སྐབས་བྱུང་། 
       དངོས་བྲིས་བརྙན་ཐུང་༼འོད་ཀྱི་ལམ་བུ་༽ལ་གཟིགས་འདོད་ན་གཤམ་གྱི་དྲ་གནས་སུ་ཞུགས་རོགས། 
       HTTP://V.YOUKU.COM/V_SHOW/ID_XODQ4NDKXNDMY.HTML?FIRSTTIME=3.948
      

    ཕྱོགས་བསྡུས་གསར་འགྱུར།