འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་གནས་སྐབས་རོགས་སྐྱོབ་ལམ་ལུགས་ལ་སྒྱུར་བཅོས་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་16ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
        མི་དམངས་དྲ་བའི་འཕྲིན། མཚོ་སྔོན་གྱིས་གནས་སྐབས་རོགས་སྐྱོབ་ལམ་ལུགས་གསར་པ་བཏོན་ནས་ཁྱབ་ཁྱོན་སྔར་བས་ཆེ་རུ་བཏང་སྟེ། ས་གནས་དེ་གའི་ཐེམ་ཐོ་མིན་པའི་མི་སྣ་འགན་ལེན་གྱི་ཁྱབ་ཁོངས་ནང་བཅུག་ཐོག རོགས་སྐྱོབ་ཀྱི་ཚད་གཞི་དང་དུས་ཚོད་སྔར་བས་ཚད་ལྡན་བཟོ་བ་དང་། ཞིབ་བཤེར་སྔར་བས་སྟབས་བསྟུན་གྱིས“རོགས་སྐྱོབ་བྱེད་དཀའ་བའི”གནད་དོན་ཐག་གཅོད་མངོན་གསལ་དོད་པོ་ཡོང་བ་བྱས་པ་རེད།
         གཏན་འབེབས་གསར་པར་གཞིགས་ན། གནས་སྐབས་རོགས་སྐྱོབ་བྱ་ཡུལ་དེ་ཡོང་འབབ་དམའ་བའི་ཁྱིམ་ཚང་གཅིག་པུ་མིན་པར་ཁྱབ་ཁོངས་ཆེ་རུ་བཏང་བ་སྟེ། མེ་སྐྱོན་སོགས་ལས་འཛོལ་ཐོན་པ་དང་ཁྱིམ་ཚང་གི་ཁོངས་མིར་ནད་གཞི་ལྕི་པོ་ཕོག་པ་སོགས་ལས་གནས་སྐབས་འཚོ་བར་དཀའ་ངལ་ཆེན་པོ་འཕྲད་པའི་ཁྱིམ་ཚང་དང་། འཚོ་བའི་ཐད་ཀྱི་འགྲོ་སོང་གློ་བུར་དུ་ཆེ་རུ་སོང་ནས་ཁྱིམ་ཚང་གིས་གཏོང་ཐུབ་པའི་ནུས་པ་ལས་བརྒལ་ནས་གཞི་རྩའི་འཚོ་བར་དཀའ་ངལ་ཆེན་པོ་འཕྲད་པའི་མ་མཐའི་འཚོ་བ་འགན་ལེན་གྱི་ཁྱིམ་ཚང་། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་དམིགས་བསལ་གྱི་དཀའ་ངལ་གཞན་ཡོད་པའི་ཁྱིམ་ཚང་བཅས་རེད།
         གཞན་ཡང་ད་དུང་མེ་སྐྱོན་སོགས་ཐོལ་བྱུང་དོན་རྐྱེན་དང་ནད་གཞི་ལྕི་པོ་ཕོག་པའམ་ཡང་ན་དམིགས་བསལ་གྱི་དཀའ་ངལ་གཞན་འཕྲད་དེ་གནས་སྐབས་ཁྱིམ་ཚང་གིས་རྒྱབ་སྐྱོར་བྱེད་ཐབས་བྲལ་ནས་གཞི་རྩའི་འཚོ་བར་དཀའ་ངལ་ཆེན་པོ་འཕྲད་པའི་མི་སྒེར(དེའི་ནང་ཐེམ་ཐོ་ས་གནས་དེ་རང་ནས་མིན་པའི་མི་སྣ་ཚུད་པ)ལ་རོགས་སྐྱོབ་བྱེད་པའི་ཚད་གཞི་དེ་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་མི་འབོར་དང་། དཀའ་ངལ་འཕྲད་པའི་དུས་ཚོད་རིང་ཐུང་། ས་གནས་དེ་གའི་གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་ཆུ་ཚད་བཅས་ལ་བསམ་གཞིག་བྱས་ཏེ་སྤྱིར་བཏང་ཟླ་གཅིག་ནས་དྲུག་བར་བརྩི་བ་དང་དམིགས་བསལ་གནས་ཚུལ་ཡོད་པར་ཟླ་བ་བཅུ་གཉིས་བར་རིང་དུ་གཏོང་རྒྱུ་དང་རོགས་སྐྱོབ་ཀྱི་ཚད་གཞི་སྒོར་༢༠༠༠༠བར་མཐོ་རུ་གཏོང་རྒྱུ་རེད། གནས་ཚུལ་ཛ་དྲག་པར་རྫོང་རིམ་པའི་དམངས་སྲིད་སྡེ་ཚན་གྱིས་རོགས་སྐྱོབ་ཀྱི་གོ་རིམ་ལག་བསྟར་བྱས་ནས་ཐད་ཀར་དང་ལེན་དང་ཞིབ་བཤེར་ཆོག་མཆན་བཀོད་དེ་སྔོན་ལ་མ་དངུལ་སྤྲོད་པ་དང་རྗེས་སུ་འགྲོ་ལུགས་གསབ་གཉེར་བྱེད་ཀྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།