འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།<<འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཀྱི་རི་པིན་དམག་མིའི་གཏུམ་སྤྱོད་པར་རིས་
    འགྲེམས་སྟོན་>>ཧྥི་ལི་ཕིན་དུ་གཉེར་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་16ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།<<འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཀྱི་རི་པིན་དམག་མིའི་གཏུམ་སྤྱོད་པར་རིས་
འགྲེམས་སྟོན་>>ཧྥི་ལི་ཕིན་དུ་གཉེར་བ།
         མི་དམངས་དྲ་བའི་འཕྲིན། ནན་ཅིང་དམར་གསོད་ཆེན་པོའི་ནང་རྐྱེན་ལམ་དུ་ཤོར་བའི་འདས་པོར་རྒྱལ་ཁབ་ཀྱི་སྤྱི་མཆོད་མཛད་སྒོ་ཐོག་མ་དེ་ཀྲུང་གོར་གཉེར་བའི་མཚམས་སུ་ཚེས་༡༣ཉིན་<<འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཀྱི་རི་པིན་དམག་མིའི་གཏུམ་སྤྱོད་པར་རིས་འགྲེམས་སྟོན་>>ཧྥི་ལི་ཕིན་གྱི་རྒྱལ་ས་མ་ནི་ལར་གཉེར་ནས་རྩོད་ཐབས་བྲལ་བའི་དོན་དངོས་ཐོག་ནས་རི་པིན་བཙན་འཛུལ་པའི་མི་ཆོས་ལས་འདས་པའི་གདུག་རྩུབ་ཆེ་བའི་ནག་ཉེས་དམར་རྗེན་དུ་བཏོན་ཡོད་པ་རེད།
         ད་ཐེངས་འགྲེམས་སྟོན་ནང་ལོ་རྒྱུས་ཀྱི་པར་རིས་རྩ་ཆེན་ཁྱོན་༢༦༠ལྷག་ཙམ་བསྡུ་རུབ་བྱས་ནས་གསོན་ཉམས་དོད་ལ་དོན་དངོས་དང་མཐུན་པའི་ངང་རི་པིན་བཙན་འཛུལ་པས་ཧྥི་ལི་ཕིན་དང་། ཀྲུང་གོ ཧིན་རྡུ་ཉི་ཞི་ཡ། འབར་མ། མ་ལེ་ཞི་ཡ། སིང་ཀ་ཕོར་སོགས་ཨེ་ཤེ་ཡའི་རྒྱལ་ཁབ་ཏུ་སྲེག་གསོད་འཕྲོག་གསུམ་གྱི་ནག་ཉེས་ཚབས་ཆེན་བསགས་པ་བསྐྱར་དུ་མངོན་པར་བྱས་པ་དང་། ནན་ཅིང་དམར་གསོད་ཆེན་པོའི་ནང་རི་པིན་དམག་མིས་ལོ་གསུམ་ལ་སླེབས་པའི་བྱིས་པ་མེ་མདའ་བརྒྱབ་ནས་གསོད་པ་དང་གྲོང་མི་གསོན་སྦས་གཏོང་བ་སོགས་ཚུད་ཡོད་ལ་ཧྥི་ལི་ཕིན་གྱི་མི་སེར་རི་པིན་དམག་མིས་མེ་མདའ་བརྒྱབ་ནས་བསད་རྗེས་ཕུང་པོ་ཁྲོམ་གཞུང་དུ་བསྐྱུར་བ་དང་ཧིན་རྡུ་ཉི་ཞི་ཡའི་མི་སེར་དམར་གསོད་གཏོང་བ་སོགས་ཚུད་ཡོད་པ་རེད།
    ༄༅།།<<འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཀྱི་རི་པིན་དམག་མིའི་གཏུམ་སྤྱོད་པར་རིས་
འགྲེམས་སྟོན་>>ཧྥི་ལི་ཕིན་དུ་གཉེར་བ།
      

    ཕྱོགས་བསྡུས་གསར་འགྱུར།