འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲའོ་ཞན་གྱིས་ཁེ་ཁྲེང་བཟོ་ལས་གླིང་ཁུལ་གྱི་བཟོ་པའི་གླ་ཆ་སྤོར་མཚམས་ཀྱི་ཚོད་
    བཀག་མེད་པ་བཟོས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་10ཉིན། 14:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཁྲའོ་ཞན་གྱིས་ཉེ་ཆར་ཁེ་ཁྲེང་བཟོ་ལས་གླིང་ཁུལ་གྱི་འབྲེལ་ཡོད་གཏན་འབེབས་བཟོ་བཅོས་བརྒྱབ་ནས་གླིང་ཁུལ་གྱི་ཁྲའོ་ཞན་བཟོ་པའི་གླ་ཆ་སྤོར་མཚམས་ཀྱི་ཚོད་བཀག་མེད་པར་བཟོས་པ་རེད།
         གནས་ཚུལ་སྤེལ་བར་གཞིགས་ན། ཁྲའོ་ཞན་གྱི་ཆེས་མཐོའི་མི་དམངས་ཚོགས་འདུའི་ལས་འགན་རྒྱུན་འཛིན་ཨུ་ཡོན་ལྷན་ཁང་གིས་ཟླ་༡༡ཚེས་༢༠ཉིན་གཏན་འབེབས་ཡོངས་བསྒྲགས་བྱས་ནས་༢༠༠༣ལོར་ལག་བསྟར་བྱས་པའི་ཁེ་ཁྲེང་བཟོ་ལས་གླིང་ཁུལ་གྱི་ངལ་རྩོལ་ཁྲིམས་སྲོལ་ཞིག་བཟོ་བཅོས་བརྒྱབ་ནས་གཏན་འབེབས་དེའི་ནང་གི “ཁྲའོ་ཞན་གྱི་བཟོ་པའི་ཟླ་རེའི་གླ་ཆ་ཨ་སྒོར་༥༠ལས་མི་དམའ་བ་དང་ལོ་ལྟར་གླ་ཆ་འཕར་ཚད་ལོ་གོང་མའི་ཟླ་རེའི་གླ་ཆ་དམའ་ཤོས་ཀྱི༥%ལས་བརྒལ་མི་ཆོག་པ”སོགས་ཀྱི་ནང་དོན་མེད་པ་བཟོས་ནས་ཀྲུང་དབྱང་བཟོ་ལས་གླིང་ཁུལ་མཛུབ་ཁྲིད་སྒྲིག་གཞིས་ངལ་རྩོལ་ཐོན་སྐྱེད་བྱེད་ཚད་དང་། བཟོ་ལས་གླིང་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཆུ་ཚད། ངལ་རྩོལ་པ་སྤྱོད་པའི་གནས་ཚུལ་སོགས་ལ་གཞིགས་ནས་གླ་ཆ་སྤོར་བའི་གནད་དོན་ཐད་ལོ་ལྟར་གྲོས་བསྡུར་ཞིབ་ཕྲ་བྱ་རྒྱུ་རེད།
         འདི་ལོའི་ཟླ་༦པར་ཁྲའོ་ཞན་དང་ཧན་གོས་ཁེ་ཁྲེང་བཟོ་ལས་གླིང་ཁུལ་གྱི་གནད་དོན་ཐད་ཚོགས་འདུ་ཐེངས་ལྔ་པ་འཚོགས་ནས་ཁྲའོ་ཞན་ཕྱོགས་ཀྱིས་ཚོགས་འདུའི་ཐོག་གླ་ཆའི་ཚད་གཞི་དེ་རྒྱལ་སྤྱི་དངའབྲེལ་མཐུད་བྱ་རྒྱུ་བཏོན་མོད། འོན་ཀྱང་ཕྱོགས་གཉིས་པོས་དེའི་ཐད་གྲོས་མཐུན་ཞིབ་ཕྲ་གྲུབ་མེད་པ་རེད། ཁེ་ཁྲེང་བཟོ་ལས་གླིང་ཁུལ་དེ་༢༠༠༥ལོར་གཉེར་སྐྱོང་བྱས་པ་དེ་ད་བར་གནས་པའི་ལྷོ་བྱང་དཔལ་འབྱོར་མཉམ་ལས་ཀྱི་རྣམ་གྲངས་འབའ་ཞིག་དེ་རེད། ན་ནིང་ཟླ་༤པར་ཁྲའོ་ཞན་ཕྱེད་གླིང་གི་དུས་བབ་ཛ་དྲག་ཆེ་བའི་དབང་གིས་ཁེ་ཁྲེང་བཟོ་ལས་གླིང་ཁུལ་སྒོ་མ་རྒྱག་ཀ་མེད་བྱུང་བ་དང་ཁྲའོ་ཞན་དང་ཧན་གོ་གྲོས་མོལ་བྱས་པ་བརྒྱུད་ལོ་དེའི་ཟླ་༩པར་གཉེར་སྐྱོང་སླར་གསོ་བྱས་པ་རེད།
         ཁེ་ཁྲེང་བཟོ་ལས་གླིང་ཁུལ་དེ་༢༠༠༥ལོར་གཉེར་སྐྱོང་བྱས་པ་དེ་ད་བར་གནས་པའི་ལྷོ་བྱང་དཔལ་འབྱོར་མཉམ་ལས་ཀྱི་རྣམ་གྲངས་འབའ་ཞིག་དེ་རེད། ན་ནིང་ཟླ་༤པར་ཁྲའོ་ཞན་ཕྱེད་གླིང་གི་དུས་བབ་ཛ་དྲག་ཆེ་བའི་དབང་གིས་ཁེ་ཁྲེང་བཟོ་ལས་གླིང་ཁུལ་སྒོ་མ་རྒྱག་ཀ་མེད་བྱུང་བ་དང་ཁྲའོ་ཞན་དང་ཧན་གོ་གྲོས་མོལ་བྱས་པ་བརྒྱུད་ལོ་དེའི་ཟླ་༩པར་གཉེར་སྐྱོང་སླར་གསོ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།