འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སུ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་༨༩ཟིན་ཡོད་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་10ཉིན། 14:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་བོད་རང་སྐྱོང་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ཁྲུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ་༡༢ཚེས་༣ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཡོངས་བསྒྲགས་བྱས་པའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་བཞི་པའི་དཀར་ཆག་གི་ནང་དུ་བོད་ལྗོངས་ཀྱིས་ཐོ་འགོད་རེ་འདུན་ཞུས་པའི་འོང་སྐོར་དུས་ཆེན་དང་། བསམ་ཡས་དགོན་པའི་འཆམ་སོགས་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་༡༣བདམས་ཐོན་བྱུང་ཡོད་པས། མིག་སྔར་བོད་ལྗོངས་སུ་ཁྱོན་བསྡོམས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་༨༩ཡོད་པ་རེད།
         བོད་རང་སྐྱོང་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས་ཀྱི་འགན་ཁུར་པ་ཕུན་ཚོགས་ལགས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཡོངས་བསྒྲགས་བྱས་པའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་བཞི་པའི་དཀར་ཆག་ནང་དུ་བོད་ལྗོངས་ཀྱིས་ཐོ་འགོད་རེ་འདུན་ཞུས་པའི་འོང་སྐོར་དུས་ཆེན་དང་། ནག་ཆུའི་ལ་གཞས། ཤུག་གསེབ་དགོན་གྱི་གཅོད་ལུགས། བསམ་ཡས་དགོན་གྱི་འཆམ། མོན་པ་རིགས་ཀྱི་འབག་འཆམ། ལྕང་ལོ་བདེ་ཆེན་ཆོས་གླིང་དགོན་ཀྱི་བཙུན་མའི་འཆམ། ཉིང་ཁྲིའི་མི་ནག་འཆམ། ཚོན་བྱེ་ཡིས་དཀྱིལ་འཁོར་བཞེངས་རྩལ། བོད་ཡིག་གི་གཡུ་ཁྲིའི་ཡིག་གཟུགས། སྒྲ་སྙན་བཟོ་རྩལ། ལྷོ་ཁའི་བོད་ལུགས་སྨན་ལུམས་ལ་སོགས་པ་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་༡༣འདུས་ཡོད་ཅིང། འདིའི་ཐོག་ནས་ལོ་ངོ་སྟོང་ཕྲག་མང་པོར་ཟམ་མ་ཆད་པར་རྒྱུན་འཛིན་བྱས་པའི་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་འདི་དག་རྒྱུན་འཛིན་དང་སྲུང་སྐྱོང་སྔར་ལས་ལྷག་པར་བྱེད་ཐུབ་པ་མཚོན་ཡོད་པ་རེད།
         མིག་སྔའི་བར་དུ་བོད་ལྗོངས་སུ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་༨༩ཡོད་ཅིང་། དེའི་ཁྲོད་ཀྱི་རྒྱུན་འཛིན་མི་སྣ་༦༨རྒྱལ་ཁབ་རིམ་པའི་མིང་ཐོ་རུ་བདམས་ཐོན་བྱུང་བ་དང་། རྣམ་གྲངས་༣༢༣དང་རྒྱུན་འཛིན་མི་སྣ་༣༥༠བོད་རང་སྐྱོང་ལྗོངས་རིམ་པའི་མིང་ཐོ་ནང་བདམས་ཐོན་བྱུང་ཡོད་པས། བོད་ལྗོངས་སུ་རྒྱལ་ཁབ་དང་། རང་སྐྱོང་ལྗོངས། ས་ཁུལ(གྲོང་ཁྱེར)། རྫོང་བཅས་རིམ་པ་བཞིའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་ཐོ་མ་ལག་གཞི་རྩའི་ཆ་ནས་གྲུབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།