འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་ཡུལ་སྐོར་ཐོག་ནས་དབུལ་སྐྱོར་བྱེད་པའི་ལས་དོན་སྤེལ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་10ཉིན། 13:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་དང་རྒྱལ་ཁབ་ཡུལ་སྐོར་སྤྲོ་འཆམ་ཅུས་ཀྱིས་འདི་ལོ་ཡིག་ཚགས་གཱ་བཟོས་པའི་གྲོང་ཚོ་དབུལ་པོ་༥༠༠ཙམ་བདམས་ནས་ཡུལ་སྐོར་དབུལ་སྐྱོར་གྱི་ཚོད་ལྟའི་ལས་དོན་སྤེལ་ཞིང་། ཚོད་ལྟ་བརྒྱུད་བྱེད་ཐབས་འཚོལ་ཞིབ་དང་ཉམས་མྱོང་བསགས་ཏེ་རིམ་གྱིས་རྒྱ་ཆེར་དང་ཁྱབ་གདལ་གཏོང་རྒྱུའི་གཏན་འཁེལ་བྱས་པ་རེད།
         ཡུལ་སྐོར་དབུལ་སྐྱོར་ནི་རང་རྒྱལ་གྱིས་གཏན་འཁེལ་བྱས་པའི་དུས་སྐབས་གསར་པའི་དབུལ་སྐྱོར་གསར་སྤེལ་གྱི་གཙོ་གནད་ལས་དོན་ཁག་བཅུའི་གྲས་ཡིན་ཞིང་། ཟླ་༡༢ཚེས་༥དང་ཚེས་༦ཉིན་རྒྱལ་ཡོངས་ཀྱི་གྲོང་ཚོ་དབུལ་པོའི་ཡུལ་སྐོར་དབུལ་སྐྱོར་སྐོར་གྱི་ཚོད་ལྟའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ཧུའུ་པེ་ཞིང་ཆེན་ཨན་ཧྲི་ཀྲོའུ་རུ་འཚོགས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་ལིའུ་ཡུང་ཕུའུ་ཡིས་ཚོགས་འདུའི་ཐོག་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། རྒྱལ་ཁབ་ཡུལ་སྐོར་སྤྲོ་འཆམ་ཅུས། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་སོགས་པུའུ་ཨུད་བདུན་གྱིས་མཉམ་དུ་<<ཤང་གྲོང་དུ་ཡུལ་སྐོར་དམངས་ཕྱུག་འདུ་འགོད་ལག་བསྟར་བྱས་ནས་ཡུལ་སྐོར་དབུལ་སྐྱོར་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ་>>པར་འགྲེམས་བྱས་ནས་༢༠༡༥ལོར་གྲོང་ཚོ་དབུལ་པོ་༢༠༠༠ལྷག་ཙམ་ལ་རོགས་སྐྱོར་བྱས་ནས་ཤང་གྲོང་ཡུལ་སྐོར་གྱི་ལས་དོན་སྤེལ་རྒྱུ་དང་༢༠༢༠ལོར་སླེབས་སྐབས་གྲོང་ཚོ་དབུལ་པོ་༦༠༠༠ལྷག་ཙམ་ལ་རྒྱབ་སྐྱོར་བྱས་ཏེ་ཤང་གྲོང་ཡུལ་སྐོར་གྱི་ལས་དོན་སྤེལ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།