འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།དམངས་སྲིད་པུས་འཕྲལ་དུ་ཀྲུང་དབྱང་གི་གེགས་སྐྱོབ་དངོས་ཟོག་སི་ཁྲོན་གྱི་དར་རྩེ་མདོའི་
    གེགས་ཁུལ་དུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་24ཉིན། 08:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༢༢ཉིན་གྱི་ཆུ་ཚོད་༢༡ཐོག་དམངས་སྲིད་པུས་སི་ཁྲོན་ཞིང་ཆེན་དར་རྩེ་མདོའི་གེགས་ཁུལ་དུ་ཀྲུང་དབྱང་གི་གྲབས་གསོག་གེགས་སྐྱོབ་དངོས་ཟོག་སྲིང་བལ་བར་འཚང་གི་གུར་༡༠༠༠དང་། སྲིང་བལ་ཉལ་ཆས་༢༠༠༠ སྲིང་བལ་བར་འཚང་གི་ལྭ་བ་༢༠༠༠སོགས་བླུགས་པའི་རླངས་འཁོར་མཚན་དེ་རང་ལ་བཏང་བ་མ་ཟད། གེགས་ཁུལ་མང་ཚོགས་རྣམས་ལ་ནུས་ཤུགས་ཡོད་རྒུས་གནས་སྤོ་བྱེད་རོགས་ཀྱང་བྱས་པ་རེད།
         སི་ཁྲོན་ཞིང་ཆེན་དམངས་སྲིད་ཐིང་གི་སྙན་ཐོར་གཞིགས་ན། ཟླ་༡༡ཚེས་༢༢ཉིན་གྱི་ཆུ་ཚོད་༡༦དང་སྐར་མ་༥༥ཐོག་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་དར་རྩེ་མདོ་རྫོང་(བྱང་གི་འཕྲེད་ཐིག་ཏུའུ་༣༠.༣དང་ཤར་གྱི་གཞུང་ཐིག་ཏུའུ་༡༠༡.༧)ལ་ས་ཡོམ་རིམ་པ་༦.༣བརྒྱབ་པ་དང་། ཡོམ་གནས་ཀྱི་གཏིང་ཚད་སྤྱི་ལེ་༡༨ཡོད་པ་རེད། ཉིན་དེའི་ཆུ་ཚོད་༢༡བར་ས་ཡོམ་གྱི་དབང་གིས་དཀར་མཛེས་ཁུལ་གྱི་དར་རྩེ་མདོ་དང་། ལྕགས་ཟམ་ཁ། རོང་བྲག རྟའུ། ཉག་ཆུ་སོགས་རྫོང་གི་མི་གྲངས་ཁྲི་༥.༥ལ་གེགས་བར་བྱུང་ཞིང་། དེའི་ཁྲོད་མི་༡རྐྱེན་ལམ་དུ་སོང་བ་དང་མི་༢༢ལ་རྨས་ཕོག་ཡོད། ཞིབ་ཕྲའི་གེགས་བར་གནས་ཚུལ་མུ་མཐུད་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད།
         ས་ཡོམ་རྗེས་སི་ཁྲོན་ཞིང་ཆེན་གྱིས་འཕྲལ་དུ་རིམ་པ་དང་པོའི་ས་ཡོམ་འཕྲལ་སྡོམ་སྔོན་ཇུས་ལག་ལེན་བསྟར་བ་དང་ཞིང་ཆེན་དམངས་སྲིད་ཐིང་གིས་གེགས་ཁུལ་ལ་སྲིང་བལ་བར་འཚང་གི་གུར་༦༠༠དང་། སྲིང་བལ་བར་འཚང་གི་ཏཱ་ཡི་༡༠༠༠ སྲིང་བལ་ཉལ་ཆས་༡༠༠༠སོགས་ཀྱི་གེགས་སེལ་དངོས་ཟོག་བཏང་བ་དང་། དཀར་མཛེས་ཁུལ་དམངས་སྲིད་ཅུས་ཀྱིས་ལས་དོན་པ་གེགས་ཁུལ་ལ་གེགས་བར་གྱི་གནས་ཚུལ་ཤེས་རྟོགས་བྱེད་པར་བཏང་བ་མ་ཟད། གེགས་བར་བྱུང་བའི་མང་ཚོགས་གནས་སྤོ་དང་གེགས་སེལ་དངོས་ཟོག་བགོ་འགྲེམས་བྱ་བ་ལེགས་པར་བསྒྲུབས་ཏེ་ཁོང་ཚོའི་གཞི་རྩའི་འཚོ་བ་འགན་ལེན་ཏན་ཏིག་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།