འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིས་ཅིན་ཕིང་གིས་ཧྥི་ཅི་རྒྱལ་ཁབ་ཀྱི་སྨྱན་སྦྱོར་སྟེང་མཚན་བཀོད་རྩོམ་ཡིག་སྤེལ་བ། 

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་21ཉིན། 16:33】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་21ཉིན་ཧྥི་ཅི་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་བའི་སྐབས་འདིར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཧྥི་ཅི་རྒྱལ་ཁབ་ཀྱི་༼ཧྥི་ཅིའི་སྐབས་དོན་ཚགས་པར་༽དང་༼ཧྥི་ཅིའི་ཉི་མའི་ཚགས་པར་༽གཉིས་ཀྱི་སྟེང་ཁ་བྱང་ལ་༼དུས་ནམ་ཡང་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་མི་དམངས་ཀྱི་གྲོགས་པོ་བློས་ཐུབ་བྱེད་ཀྱི་ཡིན་༽ཞེས་པའི་མཚན་བཀོད་རྩོམ་ཡིག་སྤེལ་བ་རེད། རྩོམ་ཡིག་གི་ནང་དུ་ཧྥི་ཅི་རྒྱལ་ཁབ་ནི་ཀྲུང་གོ་དང་འབྲེལ་བ་བཙུགས་པའི་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་སྔ་ཤོས་ཡིན་ཞིང་། ཀྲུང་ཧྥི་རྒྱལ་ཁབ་གཉིས་བར་སྲོལ་རྒྱུན་གྱི་མཛའ་མཐུན་རྨང་གཞི་གཏིང་ཟབ་པོ་ཡོད། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་པ་ནས་བཟུང་རྒྱལ་ཁབ་གཉིས་ཀྱི་རིམ་གྲས་ཁག་བར་འགྲོ་འོང་ཡང་ཡང་བྱས་ནས་དངོས་དོན་གཉེར་བའི་མཉམ་ལས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། ཕྱོགས་མང་ལས་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བྱས་དང་བྱེད་བཞིན་ཡོད། ད་རེས་ཀྱི་འཚམས་འདྲི་བྱས་པ་བརྒྱུད་ཆབ་སྲིད་ཐོག་ཕན་ཚུན་ཡིད་ཆེས་ཇེ་ཟབ་བྱས་ནས་དཔལ་འབྱོར་ཉོ་ཚོང་དང་། ཞིང་ནགས་ཉ་ལས། ཡུལ་སྐོར་ལ་སོགས་པའི་ཁྱབ་ཁོངས་སུ་མཉམ་ལས་བྱེད་ཤུགས་ཆེར་་གཏོང་དང་། སྤྱི་ཚོགས་ཀྱི་རིག་གནས་སྣ་ཚོགས་སྤེལ་རེས་བྱེད་རྒྱ་ཆེར་གཏོང་། ཕྱོགས་མང་མཐུན་སྦྱོར་དང་གཞོགས་འདེགས་ཟབ་སྤེལ་བཅས་བྱས་ཏེ་ཀྲུང་ཧྥི་རྒྱལ་ཁབ་གཉིས་བར་གྱི་སྲོལ་རྒྱུན་མཛའ་བཤེས་ཆུ་ཚད་གསར་པར་མཐོ་རུ་གཏོང་བའི་རེ་སྒུག་བྱེད་བཞིན་ཡོད་ཅེས་བྲིས་གནང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།