འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་ནོར་སྲིད་ཀྱིས་༢༠༡༥ལོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་
    ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་༦༩༧.༢སྔ་སྣུར་བྱས་ནས་སྤྲད་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་21ཉིན། 13:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་དབྱང་ནོར་སྲིད་ཀྱིས་༢༠༡༥ལོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་ཁ་གསབ་འགྲོ་གྲོན་གྱི་སྔོན་རྩིས་ཀྱི་ཆ་ཤས་སྒོར་དུང་ཕྱུར་༦༩༧.༢གཤམ་སྤྲོད་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་གྲྭའི་དཔྱིད་དུས་སློབ་འགོ་ཚུགས་རྗེས་རྒྱུན་གཏན་ངང་འཁོར་རྒྱུག་ཐུབ་པ་དང“རྩ་ཆག་གཉིས་དང་ཁ་གསབ་གཅིག”གི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་ཐུབ་པའི་འགན་ལེན་བྱས་པ་རེད།
         གསར་འགོད་པས་ནོར་སྲིད་པུའུ་ནས་ཤེས་རྟོགས་བྱུང་བར་རིམ་ཁག་ནོར་སྲིད་ཀྱིས་མ་འཇོག་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བར་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་འགྲོ་གྲོན་གྱི་འགན་ལེན་ཆུ་ཚད་རིམ་བཞིན་མཐོ་རུ་སོང་ཡོད། ༢༠༡༤ལོར་རྒྱལ་ཡོངས་སུ་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་མ་དུང་ཕྱུར་༡.༡ཟིན་ཡོད་པ་དང་། འགྲོ་གྲོན་ཙག་ཙིག་ཆག་ཡང་གཏོང་བ་དང་རིན་མི་དགོས་པར་སློབ་དེབ་སྤྲོད་པའི་སྲིད་ཇུས་སློབ་མ་ཚང་མས་ལོངས་སྤྱོད་བྱེད་བཞིན་ཡོད་པ་དང་སློབ་ཆུང་ལོ་རིམ་དང་པོའི་སློབ་ཕྲུག་གསར་པར་པར་གཞི་དངོས་ཀྱི་སློབ་མའི་ཚིག་མཛོད་སྤྲད་པ་དང་། དབུས་ནུབ་རྒྱུད་ཀྱི་ས་ཁུལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་ཞག་སྡོད་སློབ་མར་མུ་མཐུད་འཚོ་བའི་གྲོན་དངུལ་ཁ་གསབ་སྤྲོད་པའི་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་ཡོད་པ་དང་ལོ་རེའི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་དེ་སློབ་ཆུང་ལ་སྒོར་༡༠༠༠དང་དམའ་རིམ་སློབ་འབྲིང་ལ་སྒོར་༡༢༥༠རེད། གྲོང་གསེབ་ཀྱི་སློབ་གྲྭ་འབྲིང་ཆུང་གི་སྤྱིར་བཏང་སློབ་མར་ལོ་རེར་ཆ་སྙོམས་སྤྱི་སྤྱོད་གྲོན་དངུལ་ཚད་གཞིའི་བཅད་གྲངས་དེ་དབུས་ནུབ་རྒྱུད་ཀྱི་སློབ་ཆུང་ལ་སྒོར་༦༠༠དང་། དམའ་རིམ་སློབ་འབྲིང་ལ་སྒོར་༨༠༠ ཤར་རྒྱུད་སློབ་ཆུང་ལ་སྒོར་༦༥༠ དམའ་རིམ་སློབ་འབྲིང་ལ་སྒོར་༨༥༠བཅས་ཡིན་པ་དེའི་རྨང་གཞིའི་ཐོག་གྲོང་གསེབ་ཀྱི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭའི་སྤྱི་སྤྱོད་གྲོན་དངུལ་སྔར་བས་མཐོ་རུ་བཏང་ནས་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭའི་འཁོར་རྒྱུག་དཀའ་ངལ་ཏན་ཏིག་བསལ་ཡོད། དེ་དང་དུས་མཚུངས་གྲོང་གསེབ་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་གྲྭ་དང་ཉལ་ཁང་གི་བདེ་འཇགས་ཀྱི་ཕུགས་ཕན་འགན་ལེན་ལམ་སྲོལ་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་ནས་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་ནས་གྲོང་གསེབ་ཀྱི་སློབ་གྲྭ་དང་སློབ་ཁྲིད་ས་ཚིགས་བར་སློབ་ཁྲིད་ལས་དོན་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།