འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་དྲ་བའི་ཚོགས་ཆེན་སྐབས་དང་པོ་ཀྲུང་གོར་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་21ཉིན། 09:38】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་༡༡པའི་ཚེས་༡༩ཉིན་ཕན་ཚུན་འབྲེལ་འདྲིས་དང་མཉམ་སྤྱོད་མཉམ་བདག་ཅེས་པ་བརྗོད་གཞི་བྱས་པའི་འཛམ་གླིང་དྲ་བའི་ཚོགས་ཆེན་སྐབས་དང་པོ་ཀྲུང་གོའི་ཀྲེ་ཅང་གི་ཝུའུ་ཀྲེན་ཏུ་འཚོགས་པ་རེད།
          འཛམ་གླིང་དྲ་བའི་ཚོགས་ཆེན་སྐབས་དང་པོ་དུས་ཡུན་ཉིན་གསུམ་ལ་འཚོགས་རྒྱུ་ཡིན་པ་དང་། འདི་ནི་ཀྲུང་གོས་གཉེར་པའི་གཞི་ཁྱོན་ཆེ་ཤོས་དང་རིམ་པ་མཐོ་ཤོས་ཀྱི་དྲ་བའི་ཚོགས་ཆེན་ཞིག་ཡིན་ལ། རྒྱལ་ཁབ་བརྒྱ་ལྷག་ནས་ཕེབས་པའི་སྲིད་གཞུང་དང་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་སྐུ་ཚབ། ཁེ་ལས་མིང་གྲགས་ཅན་གྱི་འགོ་གཙོ་དང་དྲ་བའི་མཁས་པ། རིགས་གཅིག་མཁས་པ་བཅས་མི་ཆིག་སྟོང་ལྷག་འཛམ་གླིང་དྲ་བའི་ལས་རིགས་ཀྱི་མཐོ་རིམ་གྲོས་ཚོགས་འདིར་ཞུགས་འདུག
          སྤྱི་ཟླ་༡༡པའི་ཚེས་༡༩ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུ་བའི་འཕྲིན་ཡིག་བསྐུར་ཡོད་ལ། འཕྲིན་ཡིག་ནང་། ད་ལྟའི་དུས་རབས་འདིར་ཆ་འཕྲིན་ལག་རྩལ་ལྟེ་བ་ཡིན་པའི་ཚན་རྩལ་གྱི་གསར་བརྗེ་གསར་པ་ཞིག་དར་བར་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་། དྲ་བ་ནི་ཉིན་རེར་བཞིན་སྒུག་ཤུགས་གོང་འཕེལ་གསར་གཏོད་བྱེད་པའི་སྔོན་བསྐྱོད་ཀྱི་སྟོབས་ཤུགས་ཤིག་ཏུ་གྱུར་ནས། མི་རྣམས་ཀྱི་ཐོན་སྐྱེད་འཚོ་བར་བསྒྱུར་བཅོས་དང་ནུས་པ་ལྡན་པའི་སྒོ་ནས་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་གཏོང་བཞིན་ཡོད། དྲ་བ་ཡིས་འཛམ་གླིང་དངོས་གནས་ཁྱིམ་ཚང་གཅིག་ལྟ་བུར་བསྒྱུར་ཞིང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱང་གཅིག་ལ་གཅིག་བརྟེན་དང་གཅིག་ལ་གཅིག་འབྲེལ་གྱི་ཐུན་མོང་སྒྲིག་གཞི་ཞིག་ཏུ་གྱུར་ཡོད། དེ་དང་དུས་མཚུངས་སུ་དྲ་བ་གོང་འཕེལ་ཏུ་བཏང་བ་ཡིས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། གོང་འཕེལ་ཀྱི་ཁེ་ཕན་བཅས་ལ་འགྲན་སློང་གསར་བ་བཏོན་པ་དང་། དེར་རྒྱལ་སྤྱིའི་སྤྱི་ཚོགས་ནས་མྱུར་དུ་ནན་ཏན་སྒོས་ཁ་གཏད་གཅོག་པ་དང་མཉམ་བདག་བྱེད་པར་བརྩོན་ལེན་བྱས་ཏེ་མཉམ་རྒྱལ་ཡོང་བར་བྱེད་དགོས་ཞེས་བཀོད་ཡོད་པ་རེད།
           ཀྲུང་གོའི་ཕྱོགས་ཀྱིས་དྲ་བའི་འཛུགས་སྐྲུན་ཧུར་ཐག་སྒོས་སྤེལ་བཞིན་ཡོད་པ་མ་ཟད། དྲ་བ་གོང་འཕེལ་ཏུ་སོང་བའི་གྲུབ་འབྲས་ཀྱིས་ཀྲུང་གོའི་མི་དམངས་ལ་ཁེ་ཕན་སྐྲུན་བཞིན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་འཛམ་གླིང་གི་རྒྱལ་ཁབ་ཁག་དང་མཉམ་དུ་ལག་གདེང་སྦྲེལ་ནས་ཕན་ཚུན་ལ་བརྩི་བཀུར་དང་ཡིད་ཆེས་བྱེད་པའི་རྩ་དོན་ལྟར། རྒྱལ་སྤྱིའི་མཉམ་ལས་ཇེ་ཟབ་དང་དྲ་བའི་བདག་དབང་ལ་བརྩི་སྲུང་། དྲ་བའི་བདེ་འཇགས་ལ་སྲུང་སྐྱོབ་བཅས་བྱས་ཏེ་སྣ་མང་དང་དམངས་གཙོ། མངོན་གསལ་བཅས་ཡིན་པའི་རྒྱལ་སྤྱིའི་དྲ་བའི་བཅོས་སྐྱོང་མ་ལག་ཞིག་འཛུགས་རྒྱུ་ཡིན་ཞེས་བཀོད་ཡོད་པ་རེད།
          ཞི་ཅིན་ཕིང་གིས་ཐེངས་འདིའི་འཛམ་གླིང་དྲ་བའི་ཚོགས་ཆེན་གྱིས་ཕན་ཚུན་འབྲེལ་འདྲིས་དང་མཉམ་སྤྱོད་མཉམ་བདག་ཅེས་པ་བརྗོད་དོན་ཏུ་བཟུང་བ་ཡིས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དྲ་བའི་བར་སྟོང་ལ་གནད་དོན་ཆེན་པོ་ཞིག་དང་འཕྲད་ཡོད་པར་ཐུན་མོང་གི་ཐུགས་ཁུར་བྱས་པ་དེ་མངོན་ཡོད། དེ་བས་ཚོགས་ཞུགས་པ་རྣམས་ཀྱིས་མང་གྲོས་བློ་བསྡུ་དང་ངོས་འཛིན་གཅིག་བསྡུས། ལྟ་ཚུལ་བགྲོ་གླེང་བྱས་ཏེ་དྲ་བ་ཡིས་འགྲོ་བ་མིའི་རིགས་ལ་བདེ་སྐྱིད་བསྐྲུན་པར་སྐུལ་འདེད་བྱེད་དགོས་པ་མ་ཟད། ཚོགས་འདུ་སྐྱོན་བྲལ་ངང་འགྲུབ་པར་བཀྲ་ཤིས་སྨོན་འདུན་ཞུ་ཞེས་བཀོད་འདུག
      

    ཕྱོགས་བསྡུས་གསར་འགྱུར།