འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ཏེ་
    འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་དགོས་ཞེས་རེ་འབོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་21ཉིན། 09:35】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། སྤྱི་ཚེས་19ཉིན་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཀྲུའུ་ཞིའི་གསལ་བསྒྲགས་སྤེལ་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ཏེ་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་དགོས་པའི་རེ་འབོད་བྱས་ཡོད་པ་རེད།
          ཉིན་དེ་གར་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་འཇིགས་སྐུལ་རིང་ལུགས་དང་དྲག་ཤུགས་ཐལ་སྐྱོད་རིང་ལུགས་ལ་རྡུང་རྡེག་གཏོང་བའི་རྒྱལ་སྤྱིའི་མཉམ་ལས་ཐད་ཚོགས་འདུ་འཚོགས་པ་མ་ཟད་གསལ་བསྒྲགས་ལ་གྲོས་ཆམ་བྱས་ཡོད། གསལ་བསྒྲགས་ནང་། འཇིགས་སྐུལ་རིང་ལུགས་ཀྱི་ཉེན་ཁ་ཟམ་མི་ཆད་པར་ཆེ་རུ་ཕྱིན་པའི། རྒྱུ་མཚན་ཁག་ཅིག འཇིགས་སྐུལ་སྒྲིག་འཛུགས་ལ་འཛམ་གླིང་ཁྱོན་ནས་མི་སྣ་སྐོང་བསྡུ་བྱེད་པའི་དྲ་བ་ཡོད་པ་དང་། དྲག་ཤུགས་ཐལ་སྐྱོད་རིང་ལུགས་ཀྱི་བསམ་བློ་རྒྱ་ཡན་དུ་ཕྱིན་པའི་ནང་། ཕྱི་རྒྱལ་གྱི་དམག་འཐབ་ནང་ཞུགས་མཁན་མི་སྣ་ཚུད་པའི་འཇིགས་སྐུལ་པ་གང་འདོད་ལྟར་འགྲོ་སྐྱོད་བྱེད་ཆོག་པ་དང་འཇིགས་སྐུལ་སྒྲིག་འཛུགས་ལ་མ་དངུལ་འབོར་ཆེན་སོགས་ཡོད་པས་ཡིན་ཞེས་བསྟན་ཡོད། སྙན་ཞུ་ལས་གསལ་བར། རྒྱལ་ཁབ་80ལྷག་ནས་ཡོང་བའི་ཕྱི་རྒྱལ་གྱི་འཇིགས་སྐུལ་རིང་ལུགས་ཀྱི་དམག་འཐབ་ནང་ཞུགས་མཁན་མི་སྣ་ཆིག་ཁྲི་ལྔ་སྟོང་ལྷག་སི་རི་ཡ་དང་དབྱི་རག སོ་མ་ལི། ཡེ་མན་སོགས་ས་ཆར་འཇིགས་སྐུལ་སྒྲིག་འཛུགས་སམ་དམག་འཐབ་ནང་ཞུགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།