འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་མིས་ལི་པི་ཡའི་པན་ཅ་ཤི་རུ་དུས་ཡུན་ཆུ་ཚོད་12རིང་
    མི་ཆོས་རིང་ལུགས་ཀྱི་དམག་མཚམས་འཇོག་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་21ཉིན། 09:35】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། སྤྱི་ཚེས་19ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ལི་པི་ཡའི་གནད་དོན་སྐོར་གྱི་དམིགས་བསལ་སྐུ་ཚབ་ལའེ་ཨང་གིས། ལི་པི་ཡའི་ཤར་རྒྱུད་གྲོང་ཁྱེར་པན་ཅ་ཤི་ཡི་གདོང་ཐུག་ཕྱོགས་ཁག་གིས། ཉིན་དེ་གར་དུས་ཡུན་ཆུ་ཚོད་21རིང་ཆ་རྐྱེན་གང་ཡང་མེད་པའི་མི་ཆོས་རིག་ལུགས་ཀྱི་དམག་མཚམས་འཇོག་རྒྱུའི་ཁས་ལེན་བྱས་ཡོད་ཅེས་ཁྱབ་བསྒྲགས་བྱས་ཡོད་པ་རེད། གདོང་ཐུག་ཕྱོགས་ཁག་བར་བྱུང་བའི་ཐུན་མོང་ངོས་འཛིན་ལ་གཞིགས་ན། ལི་པི་ཡའི་ཟླ་གསར་དམར་པོ་ཚོགས་པས། མི་སེར་གདོང་ཐུག་ས་ཁུལ་ནས་ཕྱིར་འཐེན་བྱེད་རྒྱུར་རོགས་རམ་བྱེད་རྒྱུ་མ་ཟད། རྐྱེན་ལམ་དུ་ཤོར་མཁན་གྱི་ཕུང་པོ་བསྡུ་བ་སོགས་ཀྱི་ལས་དོན་སྤེལ་རྒྱུ་ཡིན་པ་རེད།
          ལི་པི་ཡའི་དམག་ཕྱོགས་ཀྱིས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བཏོན་པའི་དམག་མཚམས་འཇོག་རྒྱུའི་ཇུས་གཞི་དེར་ཐེ་ཞུགས་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཡོད། ཡིན་ནའང་ལི་པི་ཡའི་དམག་ཕྱོགས་ཀྱི་མགྲིན་ཚབ་པས། ཉིན་དེ་གར་པན་ཅ་ཤིའི་ས་ཆ་མང་པོར་གདོང་ཐུག་ཐོན་ནས། ཨན་སའར་ལུས་ཤོག་ཞེས་པའི་ཁོངས་མི་དྲུག་བསད་ཡོད་ཅེས་ར་སྤྲོད་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།