འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་APECཚོགས་འདུའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་15ཉིན། 12:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༡༡ཉིན་གློག་འཕྲིན་འབྱོར་གསལ། མཉམ་འབྲེལ་རྒྱལ་ཚོགས་དཔལ་འབྱོར་འཕེལ་རྒྱས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཤིས་མོང་གིས་གསར་འགོད་པར་ཀྲུའུ་ཞི་ཞིས་ཅིན་ཕིང་གི་གསུང་བཤད་ནང་བཏོན་པའི“ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་ལ་སྐུལ་འདེད་བཏང་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་རང་མོས་ཉོ་ཚོང་ཁུལ་གྱི་ཐུན་མོང་གི་ངོས་འཛིན་དེ་བྱ་སྤྱོད་དུ་འགྱུར་བ་བྱེད་དགོས”ཞེས་པའི་བཞེད་ཚུལ་དེར་རང་ཉིད་ཀྱིས་བསྔགས་བརྗོད་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
         ཁོང་གིས་རང་ཉིད་ཀྱིས་སྔོན་ཆད་དཔེ་དེབ་བརྩམས་པའི་ཐོག་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་གཞི་གཅིག་ཅན་གྱི་དགོས་ངེས་རང་བཞིན་ཞིབ་པར་གླེང་མྱོང་ཡོད། ཁོང་གིས་ཀྲུང་གོ་ནི་ཨེ་ཤེ་ཡའི་དཔལ་འབྱོར་སྒྲིག་གཞི་ཆེ་ཤོས་ཤིག་ཡིན། མཐའ་སྐོར་རྒྱལ་ཁབ་དང་ས་ཁུལ་དབར་གྱི་ཕན་ཚུན་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། དཔལ་འབྱོར་སྒྲིག་གཞི་འཕེལ་རྒྱས་གཏོང་བ། དཔལ་འབྱོར་སྒྲིག་གཞི་ཆུང་གྲས་ལ་ལྟ་རྟོག་བྱས་ནས་ཚང་མས་ལག་གདང་སྦྲེལ་ཏེ་ཐུན་མོང་ཐོག་འཕེལ་རྒྱས་བཏང་ཚེ་ས་ཁུལ་གྱི་དུས་བབ་བརྟན་ལྷིང་ཡོང་བ་ལས་དམག་འཁྲུག་དང་རྩོད་གཞི་ཐོན་མི་སྲིད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་ས་ཁོངས་རྒྱ་ཁྱོན་ཆེན་པོ་ཡོད་པར་བརྟེན་རང་བྱུང་གནོད་འཚེ་ཡང་དེ་མཚུངས་ཀྱི་ཅུང་མང་པོ་ཐོན་གྱི་ཡོད།
    ཀྲུའུ་ཞི་ཞིས་ཅིན་ཕིང་གིས་རྒྱལ་ཁབ་དང་ས་ཁུལ་ཁག་གིས་འབྱུང་འགྱུར་གྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་འཇལ་རྒྱུ་ནི་བློ་གྲོས་ཀྱི་བྱེད་ཐབས་ཤིག་ཡིན་ཞེས་བཏོན་གནང་ཡོད། དཔེར་ན། ཁྱབ་ཆེའི་རང་བཞིན་གྱི་རིམས་ནད་དང་གནམ་གཤིས་ཀྱི་འགྱུར་ལྡོག་སོགས་ཀྱི་འགྲན་སློང་ཚང་མ་ནི་ས་ཁུལ་ལས་བརྒལ་བ་དང་རྒྱལ་མཚམས་ལས་བརྒལ་བ་ཞིག་ཡིན། གལ་སྲིད་མཉམ་ལས་བྱས་ཏེ་ཁ་གཏད་འཇལ་ན་གཞི་ནས་མདུན་ལམ་ལྡན་ངེས་རེད་ཅེས་གསུངས་པ་རེད།
         མཉམ་འབྲེལ་རྒྱལ་ཚོགས་གནམ་གཤིས་འགྱུར་ལྡོག་རིགས་གཅིག་མཁས་ཅན་མཁྱེན་ལྡན་མ་ཁའེ་ཤིས་ཀྱིས་གསར་འགོད་པར་ཀྲུང་གོའི་འགོ་ཁྲིད་པས“གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་འཇལ་དགོས”ཞེས་པའི་བཞེད་ཚུལ་དེར་བསྔགས་བརྗོད་ཆེན་པོ་གནང་ཞིང་། གནམ་གཤིས་འགྱུར་ལྡོག་ལས་ང་ཚོའི་འཚོ་བར་ཤུགས་རྐྱེན་ངན་པ་བཟོ་གི་ཡོད། འོན་ཀྱང་འབྱུང་འགྱུར་གྱི་གནམ་གཤིས་འགྱུར་ལྡོག་ལ་གྲོས་མོལ་བྱ་རྒྱུར་སྤྲོ་སྣང་སྐྱེ་འོས་པ་ཞིག་བྱུང་མེད། མི་རྣམས་དགའ་འོས་པ་ཞིག་ནི་ཀྲུང་གོས་བཙོག་འབུད་ཉུང་གཏོང་བྱ་རྒྱུའི་རང་ཉིད་ཀྱི་ཁས་ལེན་ཐོག་མར་ལག་བསྟར་བྱེད་འགོ་བཙུགས་པ་དང་རང་ཉིད་ཀྱི་ཐོན་ལས་ལེགས་སྒྲིག་བྱེད་འགོ་བཙུགས་པས་འཛམ་གླིང་ཀུན་གྱིས་ཀྲུང་གོའི་ཆོད་སེམས་མཐོང་ཐུབ་པ་དེ་རེད། འོན་ཀྱང་དར་རྒྱས་ཆེ་བའི་རྒྱལ་ཁབ་འགའ་ཞིག་གིས་རྒྱལ་ནང་གི་ཁེ་ཕན་ཚོགས་པར་ཀར་ཀོར་བྱས་རྐྱེན་རྒྱལ་ཁབ་དེ་གའི་ལས་ཤོར་གནད་དོན་ལ་བསམ་གཞིག་གང་མང་བྱེད་པ་ལས་བབ་མཐུན་གྱི་ཁས་ལེན་བྱེད་འདོད་གཏན་ནས་མེད་ཅེས་གསུངས་པ་རེད།
         དབུལ་ཕོངས་ཉུང་གཏོང་ལ་གཞོལ་བའི་མཉམ་འབྲེལ་རྒྱལ་ཚོགས་ཕྱི་ཕྱོགས་རྩ་འཛུགས་ཀྱི་པ་ལི་ནུའུ་ཞིབ་འཇུག་སོའོ་ཡི་སོའོ་ཀྲང་ཨ་མུའོ་ལུའོ་ཤིས་ཀྱིས་ཀྲུང་གོས་APECཚོགས་འདུའི་ཐོག་འདོད་ཚུལ་རབ་དང་རིམ་པ་བཏོན་ནས་འཕེལ་རྒྱས་ཀྱི་ཆུ་ཚད་མི་འདྲ་བའི་རྒྱལ་ཁབ་ཀྱི་ཁེ་ཕན་ལ་དངོས་འབྲེལ་ལྟ་རྟོག་བྱས་ཡོད། དཔེར་ན། ལྟ་ཞིབ་པའི་རྒྱལ་ཁབ་ཚང་མ་ནི་དཔལ་འབྱོར་འཕེལ་རྒྱས་འགོར་བའི་རྒྱལ་ཁབ་ཤ་སྟག་ཡིན། “ཕན་ཚུན་འབྲེལ་མཐུད་ཀྱི་སྟེགས་བུར་སྐུལ་འདེད་བཏང་ནས་སྒོ་དབྱེ་དང་། བསྟུན་མཁས། དོ་མཉམ། ཀུན་ཕན་བཅས་ཀྱི་ས་ཁོངས་དཔལ་འབྱོར་མཉམ་ལས་སྒྲོམ་གཞི་ཐུན་མོང་ཐོག་གཏོད་པ་དང་འབྱུང་འགྱུར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་རོགས་ཟླའི་འབྲེལ་བ་ཐུན་མོང་ཐོག་འཛུགས་དགོས”ཞེས་པའི་ཀྲུང་གོའི་འདོད་ཚུལ་དེ་ཐོག་ནས་ཁོང་ཚོར་རེ་བ་དང་འབྱུང་འགྱུར་མཐོང་ཐུབ་ཅེས་གསུངས་པ་རེད།
         ཨ་རིའི་ཅ་ཀྲོའུ་ལྷོ་མའི་སློབ་ཆེན་ཨེ་ཤེ་ཡ་ཤར་མའི་ཆབ་སྲིད་ཚན་ཁག་གི་དགེ་རྒན་ཆེ་མོ་བ་ལུའོ་སི་ཏན་གྱིས་འདི་ག་ཚགས་པར་གྱི་གསར་འགོད་པར་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་APECཚོགས་འདུའི་ཐོག“ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་ཕུགས་འདུན”གྱི་གོ་དོན་ལ་རྒྱས་བཤད་ཐེངས་དང་པོ་གནང་སྟེ་ཞི་བདེ་རྒྱ་མཚོ་ཆེ་མོ་འདི་ཉིད་ཞི་བདེའི་རྒྱ་མཚོ་དང་། མཛའ་གྲོགས་ཀྱི་རྒྱ་མཚོ། མཉམ་ལས་ཀྱི་རྒྱ་མཚོ་བཅས་ཀྱི་མཚོན་རྟགས་སུ་དངོས་འབྲེལ་འགྱུར་བ་བྱེད་དགོས་ཞེས་པ་དེ་ཐོག་ནས་ཀྲུང་གོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དར་རྒྱས་དང་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུའི་ཆོད་སེམས་འབུར་དུ་མངོན་པ་མ་ཟད། མི་རྣམས་ལ་མཐོང་ཐོས་གསར་པ་ཞིག་བྱུང་ཡོད། ཨ་རི་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོ་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་རྒྱལ་ཁབ་གལ་ཆེན་གཉིས་ཡིན་པས་རྒྱལ་ཁབ་གཉིས་པོས་ས་ཁོངས་ཁག་གི་མཉམ་ལས་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོ་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ། འཛམ་གླིང་ཡོངས་བཅས་ལ་ཕན་པ་བསྐྲུན་དགོས་ཞེས་བཏོན་ཡོད། མིག་སྔར་རྒྱལ་ཁབ་གཉིས་པོའི་དབར་གྱི་གལ་འགངས་ཆེ་ཤོས་ནི་ཕན་ཚུན་ཡིད་ཆེས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དུས་རབས་ཀྱི་རླབས་རྒྱུན་དང་མི་མཐུན་པའི་སེམས་པ་དོར་རྒྱུ་དེ་རེད། APECཚོགས་འདུའི་རིང་ཨ་ཀྲུང་རྒྱལ་ཁབ་གཉིས་པོས་ཕར་ཕྱོགས་རྒྱལ་ཁབ་ཀྱི་སྤྱི་དམངས་རྒྱལ་ཁབ་དེར་སློབ་སྦྱོང་བྱེད་པ་དང་། ཚོང་དོན་གཉེར་བ། ཡུལ་སྐོར་བྱེད་པ་བཅས་ཀྱི་རྒྱལ་གྲོལ་མཆན་འགོད་དུས་བཅད་རིང་དུ་གཏོང་རྒྱུའི་ཁྱབ་བསྒྲགས་བྱས་པ་དེ་ཐོག་ནས་རྒྱལ་ཁབ་གཉིས་པོའི་མི་སྣ་ཕན་ཚུན་འགྲོ་འོང་བྱ་རྒྱུར་དེ་བས་སྟབས་བདེ་ཡོང་རྒྱུ་དང་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་སྤེལ་རེས་དང་མཉམ་ལས་ལ་སྐུལ་མ་གཏོང་རྒྱུར་ཕན་པ་ཐོབ་རྒྱུ་རེད་ལ་ཨ་རིའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཡང་ཕན་པ་ཐོབ་རྒྱུ་མ་ཟད། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཕྱིན་པ་ལས་བྱུང་བའི་གོ་སྐབས་ཀྱང་ཨ་རི་བ་ཚོས་མྱོང་ཚོར་ཐུབ་ངེས་རེད་ཅེས་གསུངས་པ་རེད།
         ནེའུ་ཙི་ལན་གྱི་ཚགས་པར་ཆེ་ཤོས་ཡིན་པའི་<<ནེའུ་ཙི་ལན་གླེང་སྟེགས་ཚགས་པར་>>ཐོག་ཆེད་བརྗོད་སྤེལ་ནས་APECཚོཊ་འདུའི་ཐོག་གི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་རང་མོས་ཉོ་ཚོང་ལ་སྐུལ་འདེད་གཏོང་འགོ་འཛུགས་རྒྱུའི་གཏན་འབེབས་ལ་ཚད་མཐོའི་གདེང་འཇོག་བྱས་ཤིང་། ཆེད་བརྗོད་ནང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་རང་མོས་ཉོ་ཚོང་ཁུལ་དང་འཚམ་པའི་ཁོངས་མིའི་རྒྱལ་ཁབ་༢༡གི་ཐུན་མོང་གི་ཁེ་ཕན་གཏོད་རྒྱུ་ནི་ལོ་མང་རིང་གི་ཁོང་ཚོའི་བསམ་འདུན་ཞིག་རེད། ཀྲུང་གོའི་དར་སྤེལ་དང་སྐུལ་འདེད་འོག་ཕྱོགས་ཁག་གིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་རང་མོས་ཉོ་ཚོང་ཁུལ་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་འགོ་འཛུགས་རྒྱུའི་གཏན་འབེབས་བྱས་ཡོད། མིག་སྔར་ཞི་བདེ་རྒྱ་མཚོ་ལས་བརྒལ་བའི་རོགས་ཟླའི་འབྲེལ་བའི་སྐོར་གྱི་གྲོས་མོལ་གྱི་འཕེལ་རིམ་ལ་ཚད་ཡོད་ཀྱང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་རང་མོས་ཉོ་ཚོང་ལ་སྐུལ་འདེད་གཏོང་འགོ་བཙུགས་པ་དེ་ནི་ས་ཁུལ་དེའི་ཁེ་ཕན་ཆེན་པོ་ཞིག་ཡིན་ཐག་ཆོད་རེད། འོན་ཀྱང་འཕེལ་རིམ་དེ་ནི་ད་ཡོད་ཀྱི་ས་ཁུལ་ཁག་གི་མཉམ་ལས་སྒྲོམ་གཞིའི་རྨང་གཞིའི་ཐོག་བཙུགས་པ་ཞིག་རེད་ཅེས་འཁོད་ཡོད། ཆེད་བརྗོད་ནང་ནེའུ་ཙི་ལན་འདི་ཉིད་གནས་བབ་ཡག་པོ་ཞིག་གི་ཐོག་ཏུ་གནས་ཡོད། ནེའུ་ཙི་ལན་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་དབར་རང་མོས་ཉོ་ཚོང་གི་གྲོས་ཆོད་བདེ་བླག་བྱུང་བ་དེས་ཞི་བདེ་རྒྱ་མཚོ་ཆེ་མོ་ལས་བརྒལ་བའི་རོགས་ཟླའི་འབྲེལ་བར་མུ་མཐུད་སྐུལ་འདེད་གཏོང་རྒྱུ་སོགས་ཀྱི་ས་ཁུལ་དབར་གྱི་མཉམ་ལས་རྒྱ་ཆེར་གཏོང་བའི་མཚོན་བྱེད་ཅིག་ཡིན་ཞེས་འཁོད་ཡོད། <<ནེའུ་ཙི་ལན་གླེང་སྟེགས་ཚགས་པར་>>ཐོག་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་སྒྲོམ་གཞི་གང་མགྱོགས་འཛུགས་བཞིན་ཡོད་པ་དང་། ནེའུ་ཙི་ལན་དང་ཨོ་སི་ཁྲུ་ལི་ཡས་དེའི་ཁྲོད་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱས་ནས་ས་ཁུལ་དེའི་ཞི་མཐུན་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་འཁོད་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།