འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ནང་སོག་གི་ཤུགས་འགྲེམས་མེ་འཁོར་ཐོག་མ་དེར་འགུལ་རྣམ་ཞིབ་དཔྱད་ཚད་ལེན་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་15ཉིན། 12:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༡༣ཉིན་ཅིས་པའོ་ལྕགས་ལམ་ཧུའུ་ཧོ་ཧའོ་ཐེ་ནས་པའོ་ཐོའུ་དུམ་བུའི་མྱུར་ཚད་མཐོ་རུ་གཏོང་བའི་སྒྱུར་བཀོད་ཀྱི་འགུལ་རྣམ་ཞིབ་དཔྱད་ཚད་ལེན་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་པ་དང་ལྕགས་ལམ་དུམ་བུ་དེའི་ལྕགས་ལམ་ལམ་ཐིག་དང་། བརྡ་རྟགས། འཕྲིན་གཏོང་། མེ་འཁོར་སྟངས་འཛིན། གློག་མཁོ་འདོན་སོགས་མ་ལག་ལ་ཕྱོགས་བསྡུས་ཚོད་ལྟ་བྱ་རྒྱུ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ༢༠༡༤ལོའི་ཟླ་༥པར་ཧུའུ་ཧོ་ཧའོ་ཐེ་ལྕགས་ལམ་ཅུས་ཀྱིས་ཅིས་པའོ་ལྕགས་ལམ་ཧུའུ་ཧོ་ཧའོ་ཐེ་ནས་པའོ་ཐོའུ་དུམ་བུའི་མྱུར་ཚད་མཐོ་རུ་གཏོང་བའི་སྒྱུར་བཀོད་ལས་ཁྱོན་ཡོངས་ནས་ལག་ལེན་བསྟར་འགོ་ཚུགས་པས་ནང་སོག་ལྕགས་ལམ་མྱུར་ཚད་སྤྱིར་བཏང་གི་ལྕགས་ལམ་ནས་མྱུར་བགྲོད་ལྕགས་ལམ་བར་གྱི་མཆོང་སྐྱོད་གསར་པ་མངོན་འགྱུར་ཐུབ་ཡོད། ༢༠༡༥ལོའི་ལོ་འགོར་ཤུགས་འགྲེམས་མེ་འཁོར་ཤར་གཏོང་བྱས་རྗེས་ནང་སོག་ཏུ་ཤུགས་འགྲེམས་མེ་འཁོར་མེད་པའི་དུས་རབས་མཇུག་འགྲིལ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།