འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཧོ་ནན་ཝུན་རྫོང་གི་སློབ་གྲྭ་ཁག་ཏུ་ཐའེ་ཅི་ཆོན་དར་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་15ཉིན། 12:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཧོ་ནན་ཝུན་རྫོང་གི་སློབ་གྲྭ་ཁག་ཏུ་ཐའེ་ཅི་ཆོན་དར་བ།
         མི་དམངས་དྲ་བའི་འཕྲིན། ཧོ་ནན་ཞིང་ཆེན་ཝུན་རྫོང་ནི་ཐའེ་ཅི་ཆོན་དར་ས་སྐད་གྲགས་ཅན་ཞིག་ཡིན་ཏེ། རྫོང་དེས་༢༠༠༡ལོ་ནས་བཟུང་ཐའེ་ཅི་ཆོན་སློབ་གྲྭར་ཁྱབ་གདལ་བཏང་བ་དང་། ཐའེ་ཅི་ཆོན་གྱི་ཁྲིད་གཞི་བསྐྱར་འབྲི་བྱེད་པ་དང་། ཐའེ་ཅི་ཆོན་གྱི་སློབ་ཚན་བཀོད་སྒྲིག་བྱེད་པ། དུས་བཀག་ལྟར་རྩལ་འཁྲིད་པ་སྒྲིག་འཛུགས་བྱས་ནས་གསོ་སྦྱོང་བྱེད་པ། དགེ་སློབ་གཉིས་ཀས་ཐའེ་ཅི་ཆོན་འགྲན་བསྡུར་བྱེད་པ་སོགས་ཀྱི་བྱེད་སྒོ་སྤེལ་ནས་ཐའེ་ཅི་རིག་གནས་ཁྱབ་གདལ་དང་རྒྱུན་འཛིན་བྱས་ཡོད། མིག་སྔར་རྫོང་དེ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་དགེ་སློབ་ཁྲི་༥ལྷག་ཙམ་གྱིས་ཐའེ་ཅི་ཆོན་སྦྱོང་བཞིན་ཡོད་ལ། ཐའེ་ཅི་ཆོན་རྩེད་ནས་ལུས་སྦྱོང་བྱས་པས་ས་གནས་དེ་གའི་སློབ་གྲྭ་ཁག་ཏུ་གསོན་ཤུགས་གསར་པ་ཞིག་འཕེལ་ཡོད་པ་རེད། འདི་ནི་ཧོ་ནན་ཞིང་ཆེན་ཅའོ་ཙུའུ་གྲོང་ཁྱེར་ཝུན་རྫོང་གི་ཤིན་ཡུས་མཐོ་འབྲིང་གི་སློབ་མ་ཚོས་ལུས་སྦྱོང་སློབ་ཚན་ཐོག་ཐའེ་ཅི་ཆོན་སྦྱོང་བའི་རྣམ་པ་ཡིན།
      

    ཕྱོགས་བསྡུས་གསར་འགྱུར།