འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་ཀྱིས་ས་ཁང་བདག་ཁོངས་གསར་སྤེལ་ཁེ་ལས་༢༧གྱི་ཐོབ་ཐང་
    མེད་པར་བཟོ་རྩིས་ཡོད་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་15ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་བོད་རང་སྐྱོང་ལྗོངས་སྡོད་ཁང་འཛུཊ་སྐྲུན་ཐིང་གིས་ལོ་བཤེར་བྱས་མེད་པའི་ས་ཁང་བདག་ཁོངས་གསར་སྤེལ་ཁེ་ལས་༢༧གྱི་ཐོབ་ཐང་མེད་པར་བཟོ་རྩིས་ཡོད་ཅིང་། བོད་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་ཟླ་༡༡ཚེས་༡༠ཉིན་གོང་གསལ་གྱི་ཁེ་ལས་ལ་སྤྱི་བསྒྲགས་བྱས་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། བོད་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་༢༠༡༤ལོའི་ཟླ་༤ཚེས་༤ཉིན་<<༢༠༡༤ལོའི་ལོ་འཁོར་གྱི་ས་ཁང་བདག་ཁོངས་གསར་སྤེལ་ཁེ་ལས་ཀྱི་ཐོབ་ཐང་ལོ་བཤེར་བྱ་རྒྱུའི་སྐོར་གྱི་བརྡ་ཐོ་>>བཏང་བ་དང་འབྲེལ། ཟླ་༩ཚེས་༢༥ཉིན་ལོ་བཤེར་མ་བྱས་པའི་ས་ཁང་བདག་ཁོངས་གསར་སྤེལ་ཁེ་ལས་༢༧ལ་སླར་ཡང་བརྡ་ཐོ་བཏང་བ་དང་དུས་མཚུངས་ཆེད་མི་དམིགས་བཀར་གྱིས་ཁེ་ལས་དེ་དག་ལ་ཁ་པར་བརྒྱབ་ནས་རེ་རེ་བཞིན་ལན་སྤྲད་མོད། ཟླ་༡༠ཚེས་༣༡ཉིན་བར་ཁེ་ལས་དེ་དག་གིས་སྔར་བཞིན་ཐོབ་ཐང་ལོ་བཤེར་བྱས་མེད་ལ། ཐོབ་ཐང་དུས་ཡུན་རིང་དུ་གཏོང་བའི་རེ་ཞུའང་བྱས་མེད། དེར་བརྟེན་བོད་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་ཁྲིམས་ལྟར་ཁེ་ལས་དེ་དག་གི་ཐོབ་ཐང་མེད་པར་བཟོས་པ་དང་འབྲེལ་བོད་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་དྲ་བའི་ཐོག་ཁེ་ལས་དེ་དག་གི་མིང་ཐོ་སྤྱི་བསྒྲགས་བྱས་པ་དང་སྤྱི་བསྒྲགས་བྱས་པའི་དུས་ཚོད་ནི་ཟླ་༡༡ཚེས་༡༠ནས་ཟླ་༡༡ཚེས་༢༥ཉིན་བར་ཡིན་ཞིང་། ཁེ་ལས་ཀྱིས་ཐོ་ཁོངས་ནས་སུབ་པའི་ཐད་བསམ་འཆར་ཡོད་ཚེ་སྤྱི་བསྒྲགས་བྱེད་རིང་བོད་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་ས་ཁང་བདག་ཁོངས་ཁྲོམ་ར་ལྟ་སྐུལ་དོ་དམ་ཁྲུའུ་རུ་གསལ་བཤད་བྱེད་པར་བསྐྱོད་དགོས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།