འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།རི་པིན་སྨྱན་སྦྱོར་ཆེ་གྲས་ཁག་གིས་<<ཐུན་མོང་ངོས་འཛིན་བྱུང་བའི་རྩ་དོན་བཞི་ལ་བརྩི་
    བཀུར་ཏན་ཏིག་ཐོབ་པ་བྱེད་དགོས་>>ཞེས་པའི་རྩོམ་ཡིག་བརྒྱུད་བཀོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་15ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་8ཉིན་རི་པིན་གྱི་ཚགས་པར་དང་། འཕྲིན་གཏོང་ཁང་། བརྙན་འཕྲིན་ལས་ཁུངས་སོགས་གཙོ་རྒྱུན་སྨྱན་སྦྱོར་ཆེ་གྲས་ཁག་གིས་ཟླ་11ཚེས་8ཉིན་མི་དམངས་ཉིན་རེའི་ཚགས་པར་གྱི་པར་ངོས་གསུམ་པའི་ཐོག་བཀོད་པའི་རྩོམ་ཡིག་<<ཐུན་མོང་ངོས་འཛིན་བྱུང་བའི་རྩ་དོན་བཞི་ལ་བརྩི་བཀུར་ཏན་ཏིག་ཐོབ་པ་བྱེད་དགོས་>>ཞེས་པར་དོ་ཁུར་ཆེན་པོ་བྱས་པ་དང་འབྲེལ་བརྒྱུད་བཀོད་ཀྱང་བྱས་ཤིང་། སྨྱན་སྦྱོར་ཆེ་གྲས་ཁག་གིས་བརྒྱུད་བཀོད་བྱས་པའི་ནང་<<མི་དམངས་ཉིན་རེའི་ཚགས་པར་>>ཐོག་འཁོད་པའི“རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་འཕེལ་རྒྱས་ཀྱི་སྲོལ་ལམ་བཟང་པོའི་ཐོག་སླར་ཡང་བསྐྱོད་རྒྱུར་སྐུལ་འདེད་གཏོང་བའི་གོམ་སྟབས་ཤིག་ཡིན”ཞེས་པའི་ཐུན་མོང་ངོས་འཛིན་ལ་བྱས་པའི་གདེང་འཇོག་དང་དེ་བཞིན་རི་པིན་གྱིས་ཏེའོ་ཡུས་གླིང་ཕྲན་གྱི་གནད་དོན་ཐད་ཀྱི་རྩོད་གཞི་མཚམས་འཇོག་བྱེད་དགོས་པ་དང་དེ་བཞིན་ཐུན་མོང་ངོས་འཛིན་ལ་བརྩི་བཀུར་ཏན་ཏིག་ཞུ་དགོས་པ་སོགས་ཀྱི་ནང་དོན་སྤྱིའི་ཆ་ནས་བཀོད་ཡོད་པ་རེད།
         <<ཉིན་རེའི་གསར་འགྱུར་>>དང་<<ཏུའུ་མན་གསར་འགྱུར་>>ཐོག་ཟླ་11ཚེས་8ཉིན་གྱི་ཚགས་པར་ཐོག་ཀྲུང་གོ་གུང་ཁྲན་ཏང་གི་ལས་ཁུངས་ཚགས་པར་<<མི་དམངས་ཉིན་རེའི་ཚགས་པར་>>ཐོག“ཀྲུང་རི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཚོས་ཕྱོགས་གཉིས་པོས་ཐུན་མོང་ངོས་འཛིན་བྱུང་བའི་རྩ་དོན་བཞི་སྲུང་བའི་རྨང་གཞིའི་ཐོག་སླར་ཡང་སྐད་ཆ་ཤོད་རེས་བྱེད་འགོ་བཙུགས་ནས་ཀྲུང་རིའི་འབྲེལ་བ་རིམ་གྱིས་ལེགས་སུ་གཏོང་བའི་འདུན་པ”བཏོན་ནས་རི་པིན་གྱིས་ཐུན་མོང་ངོས་འཛིན་ལ་བསྟུན་དགོས་པའི་བླང་བྱ་དྲག་པོ་བཏོན་ཡོད་ཅེས་བརྗོད་ཡོད། དགོང་དྲོའི་ཚགས་པར་ཐོག་ད་དུང་<<མི་དམངས་ཉིན་རེའི་ཚགས་པར་>>ཐོག“དེ་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཀྱི་སྲོལ་ལམ་བཟང་པོའི་ཐོག་བསྐྱོད་རྒྱུར་སྐུལ་འདེད་གཏོང་བའི་གོམ་སྟབས་ཤིག་ཡིན”ཞེས་པའི་ནང་དོན་ཡང་བཀོད་ཡོད།
         རི་པིན་སྐབས་དོན་འཕྲིན་གཏོང་ཁང་གིས་ཟླ་11ཚེས་8ཉིན་ཀྲུང་གོ་གུང་ཁྲན་ཏང་གི་ལས་ཁུངས་ཚགས་པར་<<མི་དམངས་ཉིན་རེའི་ཚགས་པར་>>ཐོག་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་ངོས་འཛིན་ཐད་དཔྱད་གཏམ་སྤེལ་ནས“དེ་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སླར་ཡང་འཕེལ་རྒྱས་ཀྱི་སྲོལ་ལམ་བཟང་པོའི་ཐོག་བསྐྱོད་རྒྱུར་སྐུལ་འདེད་གཏོང་བའི་གོམ་སྟབས་ཤིག་ཡིན”ཞེས་བཀོད་ཡོད་ཅེས་བརྗོད་ཡོད།
         རི་པིནNHKབརྙན་འཕྲིན་ལས་ཁུངས་ཀྱིས་ཟླ་11ཚེས་8ཉིན་གྱི་ཉིན་དགུང་དང་དགོང་མོའི་གསར་འགྱུར་ལེ་ཚན་ནང་དུ་ཡང་ཚེས་8ཉིན་གྱི་མི་དམངས་ཉིན་རེའི་ཚགས་པར་གྱི་པར་ངོས་གསུམ་པའི་ཐོག་བཀོད་པའི་<<ཐུན་མོང་ངོས་འཛིན་བྱུང་བའི་རྩ་དོན་བཞི་ལ་བརྩི་བཀུར་ཏན་ཏིག་ཐོབ་པ་བྱེད་དགོས་>>ཞེས་པའི་རྩོམ་ཡིག་སྤེལ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།