འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་
    འཛོམས་གྲོས་ཚོགས་ཐེངས་བཞི་པ་པེ་ཅིང་དུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་24ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        ཚང་འཛོམས་གྲོས་ཚོགས་ཐོག་བཏོན་དོན།ཁྲིམས་ལུགས་ཀྱི་དབང་གྲགས་ཀྱི་འབྱུང་རྩ་དེ་མི་དམངས་ཀྱི་སེམས་གཏིང་གི་བརྩི་བཀུར་དང་ལྷག་བསམ་ཟོལ་མེད་ཀྱི་དད་སེམས་དེ་ཡིན།མི་དམངས་ཀྱི་དབང་ཆ་ཁྲིམས་ལུགས་ལ་བརྟེན་ནས་འགན་ལེན་བྱེད་པ་དང་ཁྲིམས་ལུགས་ཀྱི་དབང་གྲགས་མི་དམངས་ལ་བརྟེན་ནས་སྲུང་སྐྱོང་བྱེད་དགོས།ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རིག་གནས་གཏོད་པ་དང་།སྤྱི་ཚོགས་ཡོངས་ཀྱིས་ཁྲིམས་སྐྱོང་ལག་ལེན་ནན་པོ་བྱེད་པའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་ཆེ་རུ་གཏོང་བ།ཁྲིམས་སྲུང་ནི་གཟི་བརྗིད་དང་ཁྲིམས་འགལ་ནི་ངོ་ཚ་ཡིན་པའི་སྤྱི་ཚོགས་རྣམ་པ་ཞིག་ཆགས་པ་བཅས་བྱས་ནས་མི་དམངས་ཡོངས་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་གི་བློ་དཀར་སེམས་དཀར་གྱི་སྤྱི་བཀུར་མཁན་དང་།རང་རྟོགས་ངང་སྒྲིག་ཁྲིམས་སྲུང་མཁན།བློ་བརྟན་འགྱུར་མེད་ཀྱི་སྲུང་སྐྱོབ་པ་བཅས་སུ་འགྱུར་བ་བྱེད་དགོས།སྤྱི་ཚོགས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་འཛུགས་རྒྱུར་སྐུལ་འདེད་བཏང་སྟེ་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་ནས་ཁྲིམས་སྐྱོང་སློབ་གསོ་རྒྱལ་དམངས་སློབ་གསོའི་མ་ལག་དང་བསམ་པའི་དཔལ་ཡོན་གཏོད་པའི་ནང་འཇོག་དགོས།རིམ་པ་མང་བ་དང་ཁྱབ་ཁོངས་མང་བའི་ཁྲིམས་ལྟར་བཅོས་སྐྱོང་སྐུལ་འདེད་བཏང་སྟེ་མ་ལག་བཅོས་སྐྱོང་དང་།ཁྲིམས་ལྟར་བཅོས་སྐྱོང་།ཕྱོགས་བསྡུས་བཅོས་སྐྱོང་།འབྱུང་རྩ་ནས་བཅོས་སྐྱོང་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས།གཞི་རིམ་རྩ་འཛུགས་དང་།སྡེ་ཚན།ལས་རིགས་བཅས་ཁྲིམས་ལྟར་བཅོས་སྐྱོང་བྱ་རྒྱུ་ཟབ་ཏུ་གཏོང་དགོས།སྤྱི་ཚོགས་གཙོ་གཟུགས་ཁག་གི་རང་གཅུན་དང་རང་གིས་རང་དོ་དམ་བྱེད་རྒྱུར་རྒྱབ་སྐྱོར་བྱས་ནས་སྤྱི་ཚོགས་བཅོས་སྐྱོང་ནང་གྲོང་མིའི་སྤྱི་ཆིངས་དང་།ཡུལ་སྲོལ་དམངས་ཆིངས།ལས་རིགས་སྒྲིག་སྲོལ།ཚོགས་པའི་སྒྲིག་ཡིག་སོགས་སྤྱི་ཚོགས་ཚད་ལྡན་གྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས།འཐུས་ཚང་གི་ཁྲིམས་ལུགས་ཞབས་ཞུའི་མ་ལག་འཛུགས་པ་དང་།གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་སྤྱི་པའི་ཁྲིམས་ལུགས་ཞབས་ཞུའི་མ་ལག་བསྐྲུན་རྒྱུར་སྐུལ་འདེད་བཏང་སྟེ་ཁྲིམས་ལུགས་ཐད་ཀྱི་རོགས་སྐྱོར་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་ཁྲིམས་འཛིན་རོགས་སྐྱོབ་མ་ལག་འཐུས་ཚང་དུ་གཏོང་དགོས།ཁྲིམས་ལྟར་དབང་ཆ་སྲུང་བ་དང་རྩོད་གཞི་སེལ་བའི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ།སྤྱི་ཚོགས་འགལ་བའི་སྔོན་ཚུད་ཀྱི་ཉེན་བརྡའི་ལམ་སྲོལ་དང་།ཁེ་ཕན་མཚོན་པའི་ལམ་སྲོལ།གྲོས་མོལ་འབྲེལ་མཐུད་ལམ་སྲོལ།རྒུད་སྐྱོབ་རོགས་སྐྱོབ་ལམ་སྲོལ་བཅས་བསྐྲུན་པ་དང་འཐུས་ཚང་དུ་བཏང་ནས་མང་ཚོགས་ཀྱི་ཁེ་ཕན་མཐུན་སྦྱོར་དང་དབང་ཆ་འགན་ལེན་གྱི་ཁྲིམས་ལུགས་ཀྱི་ཐབས་ལམ་ཡང་དུ་གཏོང་དགོས།སྣ་མང་ཅན་གྱི་སྤྱི་ཚོགས་བདེ་འཇགས་སྔོན་འགོག་ཚོད་འཛིན་མ་ལག་འཐུས་ཚང་དུ་བཏང་ནས་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་བྱེད་དགོས།
        ཚང་འཛོམས་གྲོས་ཚོགས་ཐོག་བཏོན་དོན།ཁྲིམས་ལྟར་རྒྱལ་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར་ངེས་པར་དུ་ཁྲིམས་སྐྱོང་ལས་དོན་དཔུང་ཁག་གི་བསམ་བློ་ཆབ་སྲིད་ཀྱི་བྱང་ཚད་དང་།ལས་སྒོའི་ལས་དོན་གྱི་འཇོན་ཐང་།ལས་རིགས་ཀུན་སྤྱོད་ཀྱི་ཆུ་ཚད་བཅས་མཐོ་རུ་ཤུགས་ཆེན་བཏང་སྟེ།ཏང་ལ་ལྷག་བསམ་རྣམ་དག་དང་།རྒྱལ་ཁབ་ལ་ལྷག་བསམ་རྣམ་དགམི་དམངས་ལ་ལྷག་བསམ་རྣམ་དགབཅའ་ཁྲིམས་ལ་ལྷག་བསམ་རྣམ་དག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལས་དོན་དཔུང་ཁག་ཅིག་གཙོ་གནད་ཐོག་འཛུགས་སྐྱོང་བྱེད་དགོས།བྱང་ཚད་མཐོ་བའི་ཁྲིམས་སྐྱོང་ཆེད་དོན་དཔུང་ཁག་འཛུགས་སྐྱོང་བྱེད་པར་བསམ་བློ་ཆབ་སྲིད་འཛུགས་སྐྱོང་དེ་ཨང་དང་པོར་བཞག་ནས་ཁྲིམས་འཛུགས་དཔུང་ཁག་དང་།སྲིད་འཛིན་ཁྲིམས་འཛིན་དཔུང་ཁགཁྲིམས་འཛིན་དཔུང་ཁག་བཅས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་།ཁྲིམས་འཛུགས་དང་།ཁྲིམས་ལག་བསྟར།ཁྲིམས་འཛིན་བཅས་སྡེ་ཚན་གྱི་ལས་བྱེད་པ་དང་ཤེས་ལྡན་པའི་དབར་དང་དེ་བཞིན་སྡེ་ཚན་གཞན་དག་གི་ཆ་རྐྱེན་འཛོམས་པའི་ལས་བྱེད་པ་དང་ཤེས་ལྡན་པའི་དབར་གྱི་སྤེལ་རེས་ཐབས་ལམ་ཤར་གཏོང་ཡོང་བ་བྱེད་པ།ཁྲིམས་སྐྱོང་ཆེད་དོན་དཔུང་ཁག་གི་ཚད་ལྡན་ཅན་དང་།ཆེད་ལས་ཅན།ལས་རིགས་ཅན་བཅས་ལ་སྐུལ་འདེད་གཏོང་བ།བཅའ་ཁྲིམས་ལས་རིགས་ཀྱི་ཆོག་འཐུས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ།ཆ་རྐྱེན་དང་མཐུན་པའི་ཁྲིམས་རྩོད་པ་དང་ཁྲིམས་ལུགས་རིག་པའི་རིགས་གཅིག་མཁས་ཅན་ཁྲོད་ནས་ཁྲིམས་འཛུགས་ལས་དོན་པ་དང་།ཁྲིམས་དཔོན།ཞིབ་དཔྱོད་དཔོན་བཅས་བསྡུ་བའི་ལམ་ལུགས་འཛུགས་པ།སྲིད་ཁྲིམས་ཆེད་ལས་ཀྱི་སློབ་ཐོན་སློབ་མའི་ཁྲོད་ནས་ཤེས་ལྡན་པ་བསྡུ་བའི་ཚད་ལྡན་དང་སྟབས་བདེའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ།ལས་རིགས་འགན་ལེན་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས།བཅའ་ཁྲིམས་ཞབས་ཞུའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལམ་བུའི་ཐོག་བསྐྱོད་པའི་རྒྱ་ཆེའི་ཁྲིམས་རྩོད་པའི་རང་རྟོགས་རང་བཞིན་དང་བློ་བརྟན་འགྱུར་མེད་ཀྱི་རང་བཞིན་ཆེ་རུ་བཏང་ནས།སྤྱི་ཚོགས་ཐོག་གི་ཁྲིམས་རྩོད་པ་དང་།གཞུང་གི་ཁྲིམས་རྩོད་པ།ཀུང་སིའི་ཁྲིམས་རྩོད་པ་སོགས་ཀྱི་ལེགས་ཆ་ཕན་གསབ་དང་གྲུབ་ཆ་ལུགས་མཐུན་གྱི་ཁྲིམས་རྩོད་པའི་དཔུང་ཁག་ཅིག་འཛུགས་སྐྱོང་བྱེད་དགོས།ཁྲིམས་སྐྱོང་ཤེས་ལྡན་པ་གསོ་སྐྱོང་གི་ལམ་སྲོལ་གསར་གཏོད་དང་འཐུས་སྒོ་ཚང་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་རིགས་པའི་རིགས་པའི་གཞུང་ལུགས་ཀྱི་མ་ལག་དང་།རིག་གཞུང་ཚན་ཁག་གི་མ་ལགསློབ་ཚན་གྱི་མ་ལག་བཅས་ཆགས་པ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རིགས་པའི་གཞུང་ལུགས་སློབ་དེབ་ནང་འགོད་པ་དང་།སློབ་ཚན་སྐབས་ཁྲིད་པ།
        སེམས་ལ་ཟུག་པ་བཅས་བྱ་རྒྱུར་སྐུལ་འདེད་བཏང་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་ལ་རྒྱུས་མངའ་ཡོད་པ་དང་མཐའ་འཁྱོངས་བྱེད་མཁན་ཁྲིམས་སྐྱོང་ཤེས་ལྡན་པ་དང་དེ་བཞིན་རྗེས་གྲབས་སྟོབས་ཤུགས་གསོ་སྐྱོང་དང་སྐྱེད་སྲིང་བྱེད་དགོས།
        ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན།ཏང་གི་འགོ་ཁྲིད་ནི་ཁྲིམས་ལྟར་རྒྱལ་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་མགྱོགས་མྱུར་འཛུགས་སྐྲུན་བྱེད་པའི་ཆེས་རྩ་བའི་འགན་ལེན་ཡིན།ངེས་པར་དུ་ཏང་གིས་ཁྲིམས་སྐྱོང་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་དང་ལེགས་སུ་བཏང་ནས་ཏང་གི་འགོ་ཁྲིད་དེ་ཁྲིམས་ལྟར་རྒྱལ་སྐྱོང་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཆ་ཚང་ལ་ལག་བསྟར་བྱེད་དགོས།ཁྲིམས་ལྟར་སྲིད་སྐྱོང་རྒྱུ་མཐའ་འཁྱོངས་ཀྱིས་རིམ་ཁག་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་བཅའ་ཁྲིམས་ལ་སྲུང་བརྩི་ཞུ་བ་དང་ཁྲིམས་ལྟར་བྱ་བ་སྒྲུབ་པ་ལས་ཁྲིམས་འགལ་ངང་དབང་ཆ་སྤྱོད་མི་རུང་ལ་གཏམ་གྱིས་ཁྲིམས་ཚབ་དང་།དབང་གིས་ཁྲིམས་གནོན།ཉེར་ཕྱོགས་ཁྲིམས་འགལ་བཅས་དེ་བས་བྱེད་མི་རུང་།ཏང་གིས་ཁྲིམས་ལྟར་རྒྱལ་སྐྱོང་ལ་འགོ་ཁྲིད་བྱེད་པའི་ལམ་ལུགས་དང་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་།ཁྲིམས་ལྟར་རྒྱལ་སྐྱོང་གི་མཛད་ཕྱོགས་སྲིད་ཇུས་དང་ཐབས་ཇུས་བཀོད་སྒྲིག་ཏང་གིས་གཏན་འཁེལ་བྱེད་པའི་ལས་ཀའི་ལམ་སྲོལ་དང་གོ་རིམ་འཐུས་ཚང་དང་འགན་ལེན་ཡོང་བ་བྱེད་པ།ཁྲིམས་ལྟར་རྒྱལ་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་གཅིག་གྱུར་འགོ་ཁྲིད་དང་།གཅིག་གྱུར་བཀོད་སྒྲིགསྤྱི་འདོམས་མཐུན་སྦྱོར་བཅས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཏང་ཨུད་ཀྱིས་ཁྲིམས་ལྟར་ཇུས་ཐག་གཅོད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས།རིམ་ཁག་མི་དམངས་འཐུས་ཚོགས་དང་།སྲིད་གཞུང་།སྲིད་གྲོས།འདྲི་གཅོད་ལས་ཁུངས།ཞིབ་དཔྱོད་ལས་ཁུངས་བཅས་ཀྱི་ཏང་རྩ་འཛུགས་ཀྱིས་ཚན་པ་དེ་རང་གིས་དཔེ་བཟང་ངང་རྩ་ཁྲིམས་དང་བཅའ་ཁྲིམས་ལ་སྲུང་བརྩི་ཞུ་རྒྱུར་འགོ་ཁྲིད་དང་ལྟ་སྐུལ་བྱས་ཏེ་ཁྲིམས་འཛིན་མཁན་གྱིས་ཁྲིམས་ལས་འགལ་བ་དང་ཁྲིམས་འགལ་ངང་དབང་ཆ་སྤྱོད་པ་སོགས་ཀྱི་བྱེད་སྤྱོད་ཞིབ་བཤེར་མཐའ་གཅིག་ཏུ་བྱེད་དགོས།ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་གཏན་འབེབས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་ལེ་ལག་ཚང་བའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་ཀྱི་མ་ལག་ཅིག་ཆགས་པ་བྱེད་པ་དང་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་སྤྱད་དེ་ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་པོ་སྐྱོང་རྒྱུ་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ་ཏང་ཡོན་དང་ལས་བྱེད་པས་སྣེ་ཁྲིད་དེ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་སྲུང་བརྩི་ཞུ་རྒྱུར་སྐུལ་འདེད་གཏོང་དགོས།ཏང་ཡོན་ལས་བྱེད་པའི་ཁྲིམས་སྐྱོང་གི་འདུ་ཤེས་དང་ཁྲིམས་ལྟར་བྱ་བ་སྒྲུབ་པའི་འཇོན་ཐང་ཆེ་རུ་གཏོང་བ་དང་ཁྲིམས་སྐྱོང་འཛུགས་སྐྱོང་གི་ཕན་འབྲས་དེ་རིམ་ཁག་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་ལས་ཀའི་གྲུབ་འབྲས་དངོས་ལ་ཚད་འཇལ་བྱེད་པའི་ནང་དོན་གལ་ཆེན་ཞིག་ལ་བརྩི་བ་དང་སྲིད་སྐྱོང་བྱས་རྗེས་ལ་དཔྱད་ཞིབ་བྱེད་པའི་དམིགས་ཚད་མ་ལག་ནང་འཇུག་པ་དང་བཅའ་ཁྲིམས་ལ་སྲུང་བརྩི་ཞུ་ཐུབ་མིན་དང་ཁྲིམས་ལྟར་བྱ་བ་སྒྲུབ་ཐུབ་མིན་དེ་ལས་བྱེད་པར་ཉམས་ཞིབ་བྱེད་པའི་ནང་དོན་གལ་ཆེན་ཞིག་ལ་བརྩི་དགོས།གཞི་རིམ་བཅོས་སྐྱོང་ཁྲིམས་སྐྱོང་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་དང་ཁྲིམས་ལྟར་རྒྱལ་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་བྱེད་པའི་ཁྲོད་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་བྱས་ཏེ་གཙོ་གནད་གཤམ་སྒྱུར་དང་སྟོབས་ཤུགས་གཤམ་གཏོང་གི་ཁྲིམས་སྐྱོང་ལས་ཀའི་ལམ་སྲོལ་འཛུགས་དགོས།ཁྲིམས་ལྟར་དམག་དཔུང་སྐྱོང་བ་དང་དམག་དཔུང་ནན་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་དུས་བབ་གསར་པའི་འོག་གི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་ལ་དམ་པོར་དམིགས་ནས་འཐུས་སྒོ་ཚང་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དོན་ཁྲིམས་སྐྱོང་མ་ལག་གཏོད་དེ་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས།“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་དངོས་ཁྲིམས་ལྟར་འགན་ལེན་དང་མེས་རྒྱལ་གཅིག་གྱུར་ལ་སྐུལ་འདེད་གཏོང་བ་དང་།ཤང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་བརྟན་ལྷིང་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ།མེས་རྒྱལ་ཞི་བདེ་གཅིག་གྱུར་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྤུན་ཟླ་ཤང་ཀང་བ་དང་ཨའོ་མོན་བ་དང་སྤུན་ཟླ་ཐའེ་དབན་བའི་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱེད་དགོས།ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་བཅའ་ཁྲིམས་ཀྱི་བྱ་ཐབས་སྤྱད་དེ་རང་རྒྱལ་གྱི་བདག་དབང་དང་།བདེ་འཇགས།འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་བྱས་ཏེ་ཕྱི་རྒྱལ་དུ་ཡོད་པའི་རང་རྒྱལ་གྱི་སྤྱི་དམངས་དང་ཁྲིམས་མིའི་ལུགས་མཐུན་ཁེ་དབང་དང་རང་རྒྱལ་དུ་ཡོད་པའི་ཕྱི་རྒྱལ་གྱི་སྤྱི་དམངས་དང་ཁྲིམས་མིའི་ལུགས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས།
        ཚང་འཛོམས་གྲོས་ཚོགས་ཐོག་མིག་སྔའི་དུས་བབ་དང་ལས་འགན་ལ་དབྱེ་ཞིབ་བྱས་ཤིང་།ཏང་ཡོངས་ཀྱི་བློ་མཐུན་ཡོངས་ཀྱིས་བསམ་བློ་དང་བྱ་སྤྱོད་དེ་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་ཁྲིམས་ལྟར་རྒྱལ་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་དུས་གནད་རྟོག་དཔྱོད་དང་བདེ་སྡོད་ཉེན་བསམ་གྱིས་འཐབ་ཇུས་གལ་ཆེན་གྱི་གོ་སྐབས་དམ་འཛིན་དང་བེད་སྤྱོད་ཡག་པོ་བྱས་ཏེ་སྒྱུར་བཅོས་འཕེལ་རྒྱས་ཀྱི་འཐབ་ཇུས་ཀྱི་ངེས་ཤུགས་ལ་སྐུལ་འདེད་གཏོང་དགོས་ལ་ཚོར་བ་སྐྱེན་པོས་རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་གི་འགྱུར་ལྡོག་ཁོང་དུ་ཆུད་པ་བྱས་ཏེ་གཟེར་རྒྱག་གི་སྙིང་སྟོབས་ཐོག་ནས་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བའི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་པ་དང་།དམངས་འཚོ་ལེགས་གཏོང་དང་འགན་ལེན་དང་ལྷག་དོན་དུ་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོར་བྱེད་པའི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ།སྤྱོད་ཚུལ་དག་ཐེར་གྱི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ།ཏང་ནན་སྐྱོང་གི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ།སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་རྒྱུན་འཁྱོངས་བྱེད་པའི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ་བཅས་བྱས་ནས་ཕྱི་ལོ་འགོ་ཡག་པོ་ཞིག་འཛུགས་ཆེད་རྨང་གཞི་བཟང་པོ་འདིང་དགོས་པའི་ནན་བཤད་བྱས་ཡོད་པ་རེད།
        ཚང་འཛོམས་གྲོས་ཚོགས་ཐོག་ཏང་གི་སྒྲིག་ཡིག་གི་གཏན་འབེབས་གཞིར་བཟུང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་རྗེས་སྣོན་ཨུ་ཡོན་མ་ཅན་ཐང་དང་།ཝང་ཙུའོ་ཨན།མའོ་དབན་ཁྲུན་བཅས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་རིམ་གསབ་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།
        ཚང་འཛོམས་གྲོས་ཚོགས་ཐོག་ལི་ཏུང་ཧྲེང་དང་།ཅང་ཅེ་མིན།ཝང་ཡུང་ཁྲུན།ལི་ཁྲུན་ཁྲེང་།དབན་ཆིང་ལེའང་བཅས་ཀྱི་སྒྲིག་འགལ་གནད་དོན་ཚབས་ཆེན་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཞིབ་དཔྱད་སྙན་ཞུར་གྲོས་ཞིབ་བྱས་པ་དང་འབྲེལ་གྲོས་འཆམ་ཡང་བྱུང་བ་དང་དབྱང་ཅིན་ཧྲན་གྱི་སྒྲིག་འགལ་གྱི་གནད་དོན་ཚབས་ཆེན་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཞིབ་དཔྱད་སྙན་ཞུར་གྲོས་ཞིབ་བྱས་པ་དང་འབྲེལ་གྲོས་འཆམ་ཡང་བྱུང་ནས་དེ་གོང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་བཅད་པའི་ལི་ཏུང་ཧྲེང་དང་།ཅང་ཅེ་མིན།དབྱང་ཅིན་ཧྲན།ཝང་ཡུང་ཁྲུན།ལི་ཁྲུན་ཁྲེང་།དབན་ཆིང་ལེའང་བཅས་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱ་རྒྱུའི་ཆད་པ་གཏན་འཁེལ་བྱས་པ་རེད།
        ཚང་འཛོམས་གྲོས་ཚོགས་ཐོག་ཏང་ཡོངས་ཀྱི་བློ་མཐུན་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་སྟེ་ཁྲིམས་ལྟར་རྒྱལ་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་རླབས་ཆེན་ལག་ལེན་དངོས་ནང་ཧུར་ཐག་ཞུགས་པ་དང་གསར་འབྱེད་ཡར་བརྩོན་དང་ལས་དོན་ཏན་ཏིག་བསྒྲུབས་ནས་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་བྱ་ཆེད་འབད་འཐབ་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།
    【1】  【2】  【3】
      

    ཕྱོགས་བསྡུས་གསར་འགྱུར།