འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཏང་སྲིད་བཅོས་སྐྱོང་ལ་མཁས་པ་དང་། སྤྱི་ཚོགས་ཡོངས་ནས་མཉམ་བཅོས་ཀྱིས་ཁྲིམས་སྐྱོང་
    སྤྱི་ཚོགས་ཀྱི་བཅོས་སྐྱོང་གསར་གཏོད་རིམ་སྤར་བྱེད་དགོས།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་23ཉིན། 09:56】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་སྐོང་འཚོགས་བྱས་ཚུན། རང་རྒྱལ་གྱི་སྤྱི་ཚོགས་བཅོས་སྐྱོང་ཐད་དགའ་འོས་པའི་འགྱུར་ལྡོག་རབ་དང་རིམ་པ་ཐོན་ཡོད་དེ། ང་བཤད་ཁྱེད་ཉན་གྱི་དོ་དམ་གཙོ་བོར་འཇོག་པའི་རྣམ་པ་ནས། མི་རྩ་བར་འཛིན་ཏེ་ཞབས་ཞུ་གཙོ་བོར་འཇོག་པའི་འདུ་ཤེས་ཤུགས་ཆེར་ཕྱིན་པ་དང་། ཕྱོགས་རྐྱང་པས་བྱ་སྤྱོད་སྤེལ་བ་ནས་སྤྱི་ཚོགས་མཉམ་རོགས་ཀྱི་མཉམ་སྐྱོང་རྣམ་པ་ཞིག་གྲུབ་བཞིན་ཡོད་ཅིང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་བཏོན་པའི་རླབས་ཆེའི་ཇུས་བཀོད་གཞིར་བཟུང་། སྤྱི་ཚོགས་བཅོས་སྐྱོང་གི་བྱ་ཐབས་གསར་པ་ཆར་རྗེས་ཀྱི་མྱུ་གུ་འབུད་པ་ཇི་བཞིན་ཟམ་མི་ཆད་པར་ཐོན་བཞིན་ཡོད།
         མང་ཚོགས་ནས་ལས་དོན་བསྒྲུབས་པར་སྟབས་བདེ་སྐྲུན་ཆེད། ཟི་ཁྲོན་ཞིང་ཆེན་ལེང་ཧྲན་དབྱི་རིགས་རང་སྐྱོང་ཁུལ་གནས་སའི་ཤི་ཁྲང་གྲོང་ཁྱེར་གྱིས་སྲིད་གཞུང་གིས་དམངས་ཀྱི་ཆེད་དུ་བྱ་བ་བསྒྲུབས་པའི་གསལ་ཐོ་བཟོས་ཏེ། དམངས་ཀྱི་འཚོ་བ་དང་འབྲེལ་བ་ཡོད་པའི་རེ་ཞུའི་ནང་དོན་དང་། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གནས་ཚུལ་སོགས་བསལ་ཐོའི་ནང་བཅུག་སྟེ། དུས་བཀག་གཏན་འཁེལ་ནང་ཐག་གཅོད་བྱེད་རྒྱུར་ལྟ་སྐུལ་བྱས་ཡོད་པ་རེད། ཧུའུ་པེས་གྲོང་གསེབ་ཀྱི་དྲ་བ་ཅན་གྱི་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། ཆ་འཕྲིན་གཤམ་སྤེལ་གྱིས་ཞིང་པར་ཕན་བདེ་སྐྲུན་པ་དང་། དོ་དམ་དང་ཞབས་ཞུ་མཉམ་དུ་བཟུང་རྒྱུས་འགོ་འཛུགས་ས་བྱས་ཏེ། མང་ཚོགས་ཚོའི་ལས་དོན་བསྒྲུབས་པར་གྲོང་ཚོ་ནས་ཐོན་མི་དགོས་པའི་རེ་བ་མངོན་འགྱུར་ཐུབ་པ་བྱས་ཡོད་པ་རེད།
         ཁྲིམས་ལ་བརྩི་སྲུང་ཞུ་བ་དང་། ལམ་ལུགས་ལ་བརྟེན་ཏེ་འགལ་ཟླ་སྔོན་འགོག་བྱེད་པ། ཁྲིམས་སྐྱོང་ལ་བརྟེན་ནས་གནད་དོན་སྣ་ཚོགས་ཐག་གཅོད་བྱེད་པ་བཅས་ནི། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་སྐོང་འཚོགས་བྱས་ཚུན་ཐོན་པའི་སྤྱི་ཚོགས་བཅོས་སྐྱོང་གི་མངོན་གསལ་དོད་པའི་ཁྱད་ཆོས་གཞན་ཞིག་ཡིན། ད་ལོའི་ཟླ་བ་༣པར། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་ཁྲིམས་དང་ཞུ་གཏུག་དང་འབྲེལ་བ་ཡོད་པའི་ཡིག་བསྐུར་ངོ་གཏུག་གནད་དོན་ཁྲིམས་ལྟར་ཐག་གཅོད་བྱེད་པའི་སྐོར་གྱི་བསམ་འཆར་ཞེས་པ་འགྲེམས་སྤེལ་བྱས་ཏེ། ཡིག་བསྐུར་ངོ་གཏུག་ལམ་ལུགས་ཀྱི་གལ་ཆེའི་བསྒྱུར་བཅོས་ལ་ཁ་ཕྱོགས་དང་ལམ་བུ་བསལ་བཏོན་བྱས་པ་དང་། ཡིག་བསྐུར་ངོ་གཏུག་ལ་ཡིད་ཆེས་བྱེད་པ་ལས་ཁྲིམས་ལ་ཡིད་ཆེས་མི་བྱེད་པ་དང་། ཡིག་བསྐུར་ངོ་གཏུག་ལ་བརྟེན་ནས་ཁྲིམས་གནོན་པའི་བྱ་སྤྱོད་སྤེལ་མཁན་ཚོའི་ཁྲོམ་རྭ་མེད་པ་བཟོས་ཡོད། ལས་དོན་ཐམས་ཅད་ཁྲིམས་སྐྱོང་གི་ལམ་བུའི་ཐོག་འཁོར་བསྐྱོད་བྱེད་པ་ནི། གཅིག་ནས་མང་ཚོགས་ཀྱིས་ལུགས་མཐུན་ངང་ཁེ་དབང་འགན་སྲུང་བྱེད་པའི་རྩ་དོན་ཞིག་ཡིན་ལ། གཉིས་ནས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་འགལ་ཟླ་དང་རྩོད་གཞི་ཐག་གཅོད་བྱེད་པའི་གཞི་འཛིན་ས་ཡང་ཡིན།
         བཅོས་སྐྱོང་ལ་ཐབས་མཁས་ལྡན་པ་དང་། གསར་གཏོད་ལ་རྫོགས་མཐའ་མེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་སྐོང་འཚོགས་བྱས་ཚུན། རང་རྒྱལ་གྱི་སྤྱི་ཚོགས་བཅོས་སྐྱོང་ནང་ཏང་སྲིད་ཀྱིས་གཙོ་འཁྲིད་བྱེད་པའི་འོག་སྤྱི་ཚོགས་ཕྱོགས་ཡོངས་ནས་ཞུགས་པ་འབུར་དུ་ཐོན་པ་བྱས་པ་དང་། ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་ཐབས་ལམ་བེད་སྤྱོད་བྱ་རྒྱུ་འབུར་དུ་ཐོན་པ་བྱས་པ། མ་ལག་ལྡན་པའི་བཅོས་སྐྱོང་དང་། ཁྲིམས་ལྟར་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་བྱེད་བཅས་འབུར་དུ་ཐོན་པ་བྱས་ཏེ། སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་དང་སྤྱི་ཚོགས་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་དམིགས་འབེན་ཕྱོགས་སུ་གོམ་ཞེང་ཆེན་པོས་བསྐྱོད་འགོ་ཚུགས་པ་དང་། ང་ཚོས་གསོན་ཤུགས་ཀྱིས་ཁེངས་ལ་ཞི་མཐུན་དང་སྒྲིག་ལམ་ལྡན་པའི་མཆམ་མཐུན་སྤྱི་ཚོགས་ཞིག་ལ་བསུ་བ་ཞུ་འགོ་ཚུགས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།