འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཀྱིས་ནགས་ས་དང་ཤིང་ནགས་ཀྱི་རྒྱུ་ནོར་སྤྱིའི་རིན་ཐང་བརྒྱ་ཆ་བཞི་བཅུ་
    ལྷག་ཙམ་འཕར་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་23ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་ནགས་ལས་ཅུད་དང་། རྒྱལ་ཁབ་བསྡོམས་རྩིས་ཅུད་ཀྱིས་མཉམ་འབྲེལ་ཐོག་ཀྲུང་གོའི་ནགས་ཚལ་ཐོན་ཁུངས་ཀྱི་ཞིབ་རྩིས་ཞིབ་འཇུག་གྲུབ་འབྲས་ཡོངས་བསྒྲགས་བྱས་ཡོད་པ་དང་། ཞིབ་རྩིས་ཞིབ་འཇུག་བྱས་པ་ལས་མངོན་པར། རྒྱལ་ཡོངས་ཀྱི་ནགས་ཚལ་ཐོན་ཁུངས་གཙང་བཤེར་ཐེངས་བརྒྱད་པ་བྱེད་མཇུག་སྒྲིལ་ལ་ཉེ་བ་དང་། རྒྱལ་ཡོངས་ཀྱི་ནགས་ས་དང་ཤིང་ནགས་ཀྱི་རྒྱུ་ནོར་སྤྱིའི་རིན་ཐང་སྒོར་དུང་ཕྱུར་ཉི་ཤུ་རྩ་གཅིག་དང་བྱེ་བ་གཉིས་དང་ས་ཡ་དགུ་ཟིན་ཞིང་། ཐེངས་བདུན་པའི་ནགས་ཚལ་ཐོན་ཁུངས་གཙང་བཤེར་བྱེད་སྐབས་དང་བསྡུར་ན་བརྒྱ་ཆ་༤༢དང་གྲངས་ཆུང་༡འཕར་ཡོད་པ་རེད། གལ་ཏེ་སྤྱི་ལོ་༢༠༡༢ལོའི་ལོ་མཇུག་ཏུ་རྒྱལ་ཡོངས་ཀྱི་མི་འབོར་དུང་ཕྱུར་བཅུ་གསུམ་དང་བྱེ་བ་ལྔ་དང་ས་ཡ་བཞི་ཡོད་པར་གཞིགས་ནས་རྩིས་རྒྱབ་ན། རང་རྒྱལ་གྱི་རྒྱལ་དམངས་ཆ་སྙོམས་མི་རེར་ནགས་ཚལ་རྒྱུ་ནོར་དབང་ཚད་སྒོར་ཆིག་ཁྲི་ལྔ་སྟོང་བདུན་བརྒྱ་ཡིན་པ་དང་། ལོ་ལྔ་སོང་རིང་། ཆ་སྙོམས་མི་རེར་ནགས་ཚལ་རྒྱུ་ནོར་དབང་ཚད་བརྒྱ་ཆ་༣༨དང་གྲངས་ཆུང་༩འཕར་ཡོད་པ་རེད། ནགས་ཚལ་གྱིས་ལོ་ལྟར་རྒྱལ་དམངས་མི་རེར་སྐྱེ་ཁམས་ཞབས་ཞུ་མཁོ་འདོན་བྱེད་ཚད་སྒོར་དགུ་སྟོང་བཞི་བརྒྱ་ཟིན་གྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།