མི་དམངས་དྲ་བ།

༄༅།།༼ཧན་རྒྱལ་རབས་ཀྱི་དར་སྲོལ་ཏེ་ཀྲུང་གོའི་ཧན་རྒྱལ་རབས་ཀྱི་རིག་དངོས་འགྲེམས་སྟོན་༽
ཞེས་པ་ཧྥ་རན་སེར་འགྲེམས་སྟོན་བྱེད་འགོ་བརྩམས་པ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་23ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

  མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་22ཉིན་༼ཧན་རྒྱལ་རབས་ཀྱི་དར་སྲོལ་ཏེ་ཀྲུང་གོའི་ཧན་རྒྱལ་རབས་ཀྱི་རིག་དངོས་འགྲེམས་སྟོན་༽ཞེས་པ་ཧྥ་རན་སེ་རྒྱལ་ཁབ་ཀྱི་རྒྱལ་བཙུགས་་ཅི་མེ་ཨ་ཤེ་ཡའི་སྒྱུ་རྩལ་རྟེན་མཛོད་ཁང་དུ་འགྲེམས་སྟོན་བྱེད་འགོ་བརྩམས་པ་རེད། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་དང་ཧྥ་རན་སེ་རྒྱལ་ཁབ་ཀྱི་ཙུང་ཐུང་ཨའོ་ལན་ཏེ་ཡིས་འགྲེམས་སྟོན་ལ་འགོ་བརྗོད་བྲིས་གནང་བ་མ་ཟད། མཉམ་དུ་ལྟ་སྐྱོང་བྱེད་མཁན་གྱི་འགན་ཡང་བཞེས་པ་རེད། 
     ཞིས་ཅིན་ཕིང་གིས་འགོ་བརྗོད་ཀྱི་ནང་དུ་ད་ལོ་ནི་ཀྲུང་ཧྥ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་50འཁོར་བའི་ལོ་ཡིན་ཞིང་། ང་དང་ཙུང་ཐུང་ཨའོ་ལན་ཏེ་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱིས་མཉམ་དུ་རྟེན་འབྲེལ་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་ཕན་ཚུན་རྒྱུས་ལོན་དང་མཛའ་བཤེས་ཇེ་ཟབ་ཏུ་གཏོང་རྒྱུའི་གྲོས་ཐག་བཅད་པ་ཡིན། ༼ཧན་རྒྱལ་རབས་ཀྱི་དར་སྲོལ་ཏེ་ཀྲུང་གོའི་ཧན་རྒྱལ་རབས་ཀྱི་རིག་དངོས་འགྲེམས་སྟོན་༽ཞེས་པ་ཧྥ་རན་སེ་རྒྱལ་ཁབ་ཀྱི་རྒྱལ་བཙུགས་་ཅི་མེ་ཨ་ཤེ་ཡའི་སྒྱུ་རྩལ་རྟེན་མཛོད་ཁང་དུ་འགྲེམས་སྟོན་བྱེད་པ་འདི་ནི་འདིའི་་ནང་གི་རྣམ་གྲངས་གལ་ཆེན་ཞིག་ཡིན་ཞེས་བསྟན་གནང་བ་རེད།