མི་དམངས་དྲ་བ།>>མཐོ་རིམ་གནས་ཚུལ།

༄༅།།ཀྲང་ཀའོ་ལི་སྐབས་ཉེར་གཅིག་པའི་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་
ལས་རྩ་འཛུགས་ཀྱི་ནོར་སྲིད་པུའུ་ཀྲང་ཚོགས་འདུ་འཚོག་འགོ་རྩོམ་པའི་མཛད་སྒོར་
ཞུགས་པ་མ་ཟད་ཤིས་ཚིག་ཀྱང་གསུངས་པ་རེད།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་23ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

༄༅།།ཀྲང་ཀའོ་ལི་སྐབས་ཉེར་གཅིག་པའི་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་
ལས་རྩ་འཛུགས་ཀྱི་ནོར་སྲིད་པུའུ་ཀྲང་ཚོགས་འདུ་འཚོག་འགོ་རྩོམ་པའི་མཛད་སྒོར་
ཞུགས་པ་མ་ཟད་ཤིས་ཚིག་ཀྱང་གསུངས་པ་རེད།

    ཟླ་10ཚེས་22ཉིན་སྐབས་ཉེར་གཅིག་པའི་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ནོར་སྲིད་པུའུ་ཀྲང་ཚོགས་འདུ་པེ་ཅིན་གྲོང་ཁྱེར་དུ་འཚོགས་ཤིང་།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི་ཚོགས་འདུ་འཚོག་འགོ་རྩོམ་པའི་མཛད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་ཀྱང་གསུངས་པ་རེད།
     ཀྲང་ཀའོ་ལི་ཡིས་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ས་ཁུལ་ནི་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕར་སྣོན་ཡོང་བའི་སྒུལ་ཤུགས་དང་སྒུལ་བྱེད་འཕྲུལ་འཁོར་གཙོ་བོ་ལྟ་བུ་ཡིན་པས། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་ས་ཁུལ་དེ་ག་དང་འཛམ་གླིང་ཡོངས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་ལས་འགན་གལ་ཆེན་ཁུར་ལེན་ཏན་ཏིག་བྱས་ནས་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ས་ཁུལ་སྲིད་ཇུས་མཐུན་སྦྱོར་དང་། འཕར་སྣོན་མཉམ་གཏོང་། ཁེ་ཕན་མཉམ་འདྲེས་བཅས་ཀྱི་སྒོ་འབྱེད་འཕེལ་རྒྱས་ཀྱི་གནས་སྟངས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས།
     ཀྲང་ཀའོ་ལི་ཡིས་ཀྲུང་གོ་ནི་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁྱིམ་ཚང་ཆེན་པོའི་ནང་གི་ཁོངས་མི་ཞིག་ཡིན་པས། ཀྲུང་གོ་འཕེལ་རྒྱས་གཏོང་རྒྱུ་དེ་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ས་ཁུལ་འཕེལ་རྒྱས་སུ་འགྲོ་བ་དང་བྲལ་ཐབས་མེད། ཀྲུང་གོས་བསྒྱུར་བཅོས་གསར་གཏོད་ཀྱིས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་དང་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་དང་། དོ་དམ་གསར་གཏོད། ཚོང་ལས་བྱེད་སྟངས་གསར་གཏོད་བཅས་གང་མགྱོགས་བྱས་ཏེ་ཁེ་ལས་དང་མི་སྒེར་ཁྲི་སྟོང་མང་པོའི་གསར་གཏོད་གསོན་ཤུགས་སྐུལ་སློང་རྒྱུན་ཆད་མེད་པར་བྱས་ཐོག་དཔལ་འབྱོར་རྒྱུན་མཐུད་ཅིང་སྐྱོན་བྲལ་ངང་གོང་དུ་འཕེལ་བ་དང་ཆུ་ཚད་མཐོ་འབྲིང་དུ་འཕེལ་བར་སྐུལ་འདེད་གཏོང་གི་ཡིན་ཞེས་བསྟན་པ་རེད།