འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཆོག་མཆན་གནང་བ་བརྒྱུད་ཀྲུང་དབྱང་དམག་དོན་ཨུ་ལྷན་གྱིས་
    ༼ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་སྤྱི་ཁྱབ་བཀོད་འདོམས་པུའི་ལས་ཁུངས་ཀྱི་
    པུའུ་རིམ་པ་གཉིས་པའི་ཏང་གི་རྩ་འཛུགས་ཀྱི་ལས་དོན་སྐོར་གྱི་གཏན་འབེབ་༽
    (ཚོད་ལྟའི་ལག་བསྟར་བྱ་རྒྱུ་) པར་འགྲེམས་བྱས་པ། 

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་20ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཆོག་མཆན་གནང་བ་བརྒྱུད་ཉེ་ཆར་ཀྲུང་དབྱང་དམག་དོན་ཨུ་ལྷན་གྱིས་༼ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་སྤྱི་ཁྱབ་བཀོད་འདོམས་པུའི་ལས་ཁུངས་ཀྱི་པུའུ་རིམ་པ་གཉིས་པའི་ཏང་གི་རྩ་འཛུགས་ཀྱི་ལས་དོན་སྐོར་གྱི་གཏན་འབེབས་ཚོད་ལྟའི་ལག་བསྟར་བྱ་རྒྱུ་༽པར་འགྲེམས་བྱས་པ་རེད། 
          འདི་ནི་སྤྱི་ཁྱབ་བཀོད་འདོམས་པུའི་ལས་ཁུངས་ཀྱི་པུའུ་རིམ་་པ་གཉིས་པའི་ཏང་གི་རྩ་འཛུགས་ཀྱི་ཏང་ནང་གི་ཁྲིམས་སྲོལ་གོ་རིམ་ལྡན་པའི་སྒོ་ནས་ཚད་ལྡན་དུ་བཟོས་པ་ཞིག་ཡིན་ཞིང་། སྤྱི་ཁྱབ་བཀོད་འདོམས་པུས་ཏང་ལེགས་སྐྱོང་བྱ་རྒྱུར་བརྩི་སྲུང་ཚད་གཞི་གལ་ཆེན་པོ་འདོན་སྤྲོད་བྱས་པ་རེད། ༼གཏན་འབེབས་༽པར་འགྲེམས་ལག་བསྟར་བྱ་རྒྱུ་དེ་ཀྲུའུ་ཞི་ཞིས་ཅིན་ཕིང་གི་ཏང་གིས་ཏང་སྐྱོང་བ་དང་། ཏང་ནན་སྐྱོང་བྱ་དགོས་པའི་སྐོར་གྱི་བླང་བྱ་ལག་ལེན་མཐར་ཕྱིན་བསྟར་བ་དང་། སྤྱི་ཁྱབ་བཀོད་འདོམས་པུའི་ལས་ཁུངས་ཀྱི་ཏང་ལེགས་སྐྱོང་བྱ་རྒྱུ་དང་། ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་དགོས་པའི་རྩ་བའི་རྩ་དོན་དང་ལམ་ལུགས་སྤྱི་ཁྱབ་བཀོད་འདོམས་པུའི་ལས་ཁུངས་སུ་དོན་འཁྱོལ་ནུས་ལྡན་བྱེད་པར་སྐུལ་འདེད་གཏོང་རྒྱུར་འགན་སྲུང་གི་ནུས་པ་གལ་ཆེན་ལྡན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།