འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་རྒྱ་ཡིག་ཚགས་པར་ལས་རིགས་མཐུན་ཚོགས་ཀྱི་སྐབས་ཞེ་བདུན་པའི་ལོ་ཚོགས་
    པེ་ཅིང་གྲོང་ཁྱེར་དུ་འཚོག་འགོ་བརྩམས་པ། 

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་20ཉིན། 13:19】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་19ཉིན་འཛམ་གླིང་རྒྱ་ཡིག་ཚགས་པར་ལས་རིགས་མཐུན་ཚོགས་ཀྱི་སྐབས་ཞེ་བདུན་པའི་ལོ་ཚོགས་པེ་ཅིང་གྲོང་ཁྱེར་དུ་འཚོག་འགོ་བརྩམས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་བཅས་ཡིན་པའི་ལིའུ་ཆི་པའོ་འཚོག་འགོ་རྩོམ་པའི་མཛད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་ཀྱང་གསུངས་པ་རེད། 
         ལིའུ་ཆི་པའོ་ཡིས་ཤིས་ཚིག་གསུང་སྐབས་བསྒྱུར་བཅོས་སྒོ་འབྱེད་ལོ་ངོ་30ལྷག་ཙམ་བྱས་པའི་རིང་ལ་ཀྲུང་གོར་གནམ་ས་བླ་འོག་སྒྱུར་བའི་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། འཕེལ་རྒྱས་གཏོང་བའི་ཐད་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཡར་རྒྱས་བྱུང་བ་དང་། རྒྱལ་སྤྱིའི་ཐོག་གི་གོ་གནས་མཐོ་རུ་ཆེན་པོ་ཕྱིན་ཏེ་ཉིན་རེ་བཞིན་འཛམ་གླིང་གར་སྟེགས་ཀྱི་ལྟེ་གནས་སུ་སྐྱོད་བཞིན་ཡོད། མིག་སྔར་ཀྲུང་གོའི་མི་དམངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འགྲོ་ལམ་དེད་དེ་སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་བྱ་རྒྱུའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཕྱིར་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད། ཕྱི་རྒྱལ་གྱི་རྒྱ་ཡིག་ཚགས་པར་ལས་ཁུངས་ཀྱིས་སྔར་ལས་ཧུར་བརྩོན་ཆེ་ཞིང་རང་འགུལ་གྱི་སྒོ་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཀྲུང་གོ་མཚམས་སྦྱོར་དང་། སྔར་ལས་གསོན་ཉམས་ལྡན་ཞིང་ཡང་དག་པའི་སྒོ་ནས་ཀྲུང་གོའི་འགྲོ་ལམ་དང་ཀྲུང་གོའི་ཕུགས་འདུན་མཚམས་སྦྱོར། དེང་རབས་ཀྲུང་གོའི་རིན་ཐང་ལྟ་བ་ཁྱབ་སྤེལ། ཀྲུང་ཧྭའི་རིག་གནས་ལ་ལྡན་པའི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་འགྲེམས་སྟོན་བཅས་བྱས་ནས་ཕྱིར་སྡོད་ཀྲུང་གོ་བ་རྣམས་ཀྱིས་རླབས་ཆེན་མེས་རྒྱལ་ལ་བརྩེ་དུང་སྔར་ལས་ཟབ་མོ་འཆང་བ་དང་། ཀྲུང་གོའི་མི་དམངས་དང་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་བར་རྒྱུས་ལོན་ཇེ་ཟབ་དང་མཛའ་བཤེས་ཇེ་ཟབ་ཡོང་བར་བྱེད་ཕྱིར་ལེགས་སྐྱེས་སྔར་ལས་ཆེན་པོ་འབུལ་རྒྱུའི་རེ་བ་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།