མི་དམངས་དྲ་བ།

༄༅།།ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་
སྲུང་སྐྱོང་བྱ་དགོས། 

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་21ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

    ཀྲུང་གོའི་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ཟླ་10ཚེས་20ཉིན་ནས་ཚེས་23ཉིན་བར་པེ་ཅིན་དུ་འཚོག་རྒྱུ་རེད། གྲོས་ཚོགས་ཐོག་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་སྤེལ་གཏོང་རྒྱུའི་གལ་ཆེན་གནད་དོན་ལ་ཞིབ་འཇུག་བྱ་རྒྱུ་མ་ཟད་༼ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་སྤེལ་གཏོང་རྒྱུའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན་༽ཞེས་པར་གྲོས་འཆམ་བྱ་རྒྱུ་རེད། འདི་ནི་རང་རེའི་ཏང་གིས་ཀྲུང་དབྱང་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐོག་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གནད་དོན་ཆེད་དོན་དུ་བཟུང་ནས་ཞིབ་འཇུག་བྱེད་ཐེངས་དང་པོ་རེད། 
     ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ནི་ཀྲུང་གོའི་གུང་ཁྲན་ཏང་གིས་རྔམ་བརྗིད་ལྡན་པའི་སྒོ་ནས་གདམ་ག་བྱས་པ་ཡིན་ལ། ཁྲིམས་ཀྱིས་སྐྱོང་བ་ནི་ཀྲུང་གོའི་གུང་ཁྲན་ཏང་གི་དད་སེམས་འགྱུར་མེད་དང་བློ་བརྟན་འགྱུར་མེད་ཀྱིས་མཐའ་འཁྱོངས་བྱེད་དོན་ཡང་ཡིན། སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་བྱ་རྒྱུའི་ཀྲུང་གོའི་ཕུགས་འདུན་་མངོན་འགྱུར་བྱ་རྒྱུར་ངེས་པར་དུ་ཕྱོགས་ཡོངས་ནས་ཁྲི་མས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་སྤེལ་གཏོང་དགོས་པ་དང་། ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་གཏོང་རྒྱུར་ངེས་པར་དུ་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་སྤེལ་གཏོང་དགོས་ཤིང་། ཏང་གི་སྲིད་འཛིན་བྱེད་ནུས་ཆེ་རུ་གཏོང་རྒྱུ་དང་སྲིད་འཛིན་ཆུ་ཚད་མཐོ་རུ་གཏོང་རྒྱུར་ངེས་པར་དུ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་སྤེལ་གཏོང་དགོས། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་སྤེལ་གཏོང་བར་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱ་རྒྱུ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་བཅས་ཡོངས་སུ་གཅིག་གྱུར་ཡོང་བ་དང་། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བགྲོད་ལམ་དུ་སྐྱོད་པ། བློ་ཐག་རྦད་བཅད་ཀྱིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་། ཁྲིམས་ལྟར་མི་དམངས་ཀྱི་ཁེ་དབང་སྲུང་སྐྱོང་དང་། སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་བར་སྲུང་སྐྱོང་། རྒྱལ་ཁབ་བདེ་འཇགས་བརྟན་ལྷིང་ཡོང་བར་སྲུང་སྐྱོང་བཅས་བྱས་ཏེ་ལོ་བརྒྱ་ཐམ་པ་གཉིས་ཀྱི་འབད་འཐབ་དམིགས་ཡུལ་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་བྱ་རྒྱུའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཕྱིར་ཁྲིམས་ལུགས་ཐད་ཀྱི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱ་དགོས།