མི་དམངས་དྲ་བ།>>མཐོ་རིམ་གནས་ཚུལ།

༄༅།།ཞིས་ཅིན་ཕིང་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་
ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་ཉེར་གཉིས་པར་ཞུགས་རྒྱུ་
དང་འབྲེལ་གཙོ་སྐྱོང་ཡང་གནང་རྒྱུ་ཡིན་པ། 

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་21ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

    མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་20ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཆིན་ཀང་གིས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་ཉེར་གཉིས་པ་ཟླ་11ཚེས་10ཉིན་ནས་ཚེས་11ཉིན་བར་པེ་ཅིན་དུ་འཚོག་རྒྱུ་ཡིན་ཞིང་། ཐེངས་འདི་གྲོས་ཚོགས་ཀྱི་བརྗོད་བྱ་གཙོ་བོ་ནི་ཐུན་མོང་དུ་མ་འོངས་པར་ཕྱོགས་པའི་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་རོགས་ཟླའི་འབྲེལ་བ་འཛུགས་སྐྱོང་བྱ་དགོས་ཞེས་པ་ཡིན་ཞིང་། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའམ་འཐུས་ཚབ་རྣམས་གདན་ཞུས་ལྟར་ཚོགས་འདུར་ཞུགས་རྒྱུ་ཡིན་ལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་ཚོགས་འདུར་ཞུགས་རྒྱུ་མ་ཟད་ཚོགས་འདུར་གཙོ་སྐྱོང་ཡང་གནང་རྒྱུ་རེད། 
      ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་འགོ་ཁྲིད་པའི་ཚོགས་འདུ་དང་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པ་དང་བཟོ་ཚོང་འདྲི་རྩད་ལས་འཛིན་ལྷན་ཚོགས་ཀྱི་འཐུས་ཚབ་བར་གྱི་གླེང་མོལ་ཚོགས་འདུ་ཟླ་11ཚེས་9ཉིན་ནས་ཚེས་10ཉིན་བར་པེ་ཅིན་དུ་འཚོག་རྒྱུ་ཡིན་ཞིང་། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའམ་འཐུས་ཚབ་རྣམས་གདན་ཞུས་ལྟར་ཚོགས་འདུར་ཞུགས་རྒྱུ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་ཚོགས་འདུར་ཞུགས་རྒྱུ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་རྒྱུ་རེད།