འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་གིས་ཚན་ཞིབ་འགྲོ་གྲོན་གང་བྱུང་གཏོང་བའི་སྣང་ཚུལ་བཅོས་སྒྲིག་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་23ཉིན། 09:55】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ཉེ་དུས་ཡོན་ཧྲེ་དང་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་བ་མང་པོ་ཞིག་གིས་ཚན་རིག་ཞིབ་འཇུག་གི་འགྲོ་གྲོན་ཟས་པའི་སྐྱུག་བྲོ་བའི་གནས་ཚུལ་ཞིབ་བཤེར་བྱས་པ་དང་། དེ་དང་དུས་མཚུངས་སུ་ཀྲུང་དབྱང་གི་ནོར་སྲིད་ཚན་རྩལ་འཆར་གཞིའི་དོ་དམ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཇུས་གཞིར་ཆོག་མཆན་ཐོབ་ཡོད། ཇུས་གཞི་འདི་བཏོན་པ་དེས་རང་རྒྱལ་གྱི་ཚན་རྩལ་ཐད་བཏང་བའི་མ་དངུལ་ལ་དོ་དམ་བྱེད་པའི་ཐད་ལོ་རྒྱུས་རང་བཞིན་གྱི་ཁ་ལོ་སྒྱུར་རྒྱུ་ཡིན་པ་མཚོན་གྱི་ཡོད།
        སྤྱི་ལོ་༢༠༡༣ལོར་རྒྱལ་ཡོངས་ཀྱི་སྤྱི་པའི་ནོར་སྲིད་ཚན་རྩལ་གྱི་གཏོང་སྒོ་སྒོར་དུང་ཕྱུར་ལྔ་སྟོང་ལས་བརྒལ་ཡོད་པ་དང་། སྤྱི་ལོ་༡༩༧༨ལོར་གྲངས་གཞི་དེ་སྒོར་དུང་ཕྱུར་༥༢ལྷག་ཙམ་ལས་ཟིན་མེད་པ་དང་། ལོ་ངོ་བཞི་བཅུ་མ་ཟིན་ཙམ་ནང་རང་རྒྱལ་གྱི་ནོར་སྲིད་ནས་ཚན་རྩལ་ཐད་ཀྱི་མ་དངུལ་ལྡབ་བརྒྱ་ཙམ་འཕར་ཡོད་པ་རེད།
        ནོར་སྲིད་པུའི་བསྡོམས་རྩིས་ལ་གཞིགས་ན། ཉེ་བའི་ལོ་བརྒྱད་ནང་། རང་རྒྱལ་གྱི་ཚན་རྩལ་ཞིབ་འཇུག་གསར་སྤེལ་ཐད་མ་དངུལ་སྒོར་དུང་ཕྱུར་གསུམ་ཁྲི་བཏང་ཡོད། ཡིན་ནའང་དེ་དང་བལྟོས་བཅས་ཡིན་པའི་རིག་གཞུང་གྲུབ་འབྲས་དང་ལག་རྩལ་གསར་གཏོད་གཉིས་ལ་མི་རྣམས་བློ་ཡིད་ཚིམས་པའི་གྲུབ་འབྲས་ཐོབ་མེད་པས་འཛམ་གླིང་རིམ་པའི་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་དང་རྩེར་སོན་གྱི་ཚན་རིག་མཁས་པ་ཐོན་མེད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།