འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་24ཉིན།
  • མི་དམངས་དྲ་བ།>>བོད་ལྗོངས།

    ༄༅།།བོད་ལྗོངས་ཀྱིས་དུད་ཚང་ཁྲི་4.05ཡི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་23ཉིན། 09:51】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། 2014ལོར་ལྗོངས་ཡོངས་ཀྱི་དུད་ཚང་ཁྲི་6.33གྱི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་ཀྱི་ལས་འགན་ལེགས་སྒྲུབ་ཐད་རང་སྐྱོང་ལྗོངས་ཀྱིས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་10.83བཏང་ཞིང་། མིག་སྔར་ལས་གྲྭ་ཁག་བདེ་བླག་ངང་སྤེལ་བཞིན་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་9པའི་ཟླ་མཇུག་བར་རང་ལྗོངས་ཀྱིས་གྲོང་གསེབ་ཀྱི་དུད་ཚང་ཁྲི་4.05ཡི་ཉེན་ཡོད་སྡོད་ཁང་རྩ་བའི་ཆ་ནས་སྒྱུར་བཀོད་བྱས་ཟིན་པ་(དེའི་ནང་དབུལ་པོའི་དུད་ཚང་6960དང་། མཐའ་མཚམས་ཞིང་པའི་དུད་ཚང་3362སྐྱས་སྤོས་འབྲོག་པའི་དུད་ཚང་377དེ་མིན་དུད་ཚང་ཁྲི་2.98བཅས་ཡོད་པ)དེས་ལོ་ཧྲིལ་པོའི་འཛུགས་སྐྲུན་འཆར་གཞིའི་64.1%བཟུང་བ་དང་མི་འབོར་ཁྲི་14.4ལ་ཕན་པ་ཐོབ་པ་དང་།  ད་ལྟ་སྐྲུན་བཞིན་པའི་དུད་ཚང་ཁྲི་1.78ཀྱིས་ལོ་ཧྲིལ་པོའི་འཛུགས་སྐྲུན་འཆར་གཞིའི་28.2%བཟུང་བ། རྒྱུ་ཆ་གྲ་སྒྲིག་བྱས་ནས་ཉེ་དུས་ལས་འགོ་ཚུགས་རྒྱུའི་དུད་ཚང་4884ཡོད་པ་དེས་ལོ་ཧྲིལ་པོའི་འཆར་གཞིའི་7.7%བཟུང་ཡོད། ལྗོངས་ཡོངས་ཀྱི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད﹙ས་ཡོམ་འགོག་ཐུབ་པ﹚ཐད་ཁྱོན་མ་དངུལ་སྒོར་དུང་ཕྱུར་19.28བཏང་བའི་ནང་རང་སྐྱོང་ལྗོངས་ཀྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་6.73དང་། ས་ཁུལ་རིམ་པའི་མ་དངུལ་སྒོར་དུང་ཕྱུར་0.25 རྗོང་རིམ་པའི་མ་དངུལ་དུང་ཕྱུར་0.15 བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་0.42 མང་ཚོགས་ཀྱི་གྲབས་གསོག་སྒོར་དུང་ཕྱུར་11.46 དངུལ་ཁང་གི་དངུལ་བུན་སྒོར་དུང་ཕྱུར་0.27བཅས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།