འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱ་གར་སོགས་རྒྱལ་ཁབ་བཅོ་ལྔ་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་
    ལྷན་ཚོགས་ཀྱི་ཁོང་གཏོགས་རྒྱལ་ཁབ་ལ་བདམས་ཐོན་བྱུང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་23ཉིན། 09:54】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། རྒྱ་གར་སོགས་རྒྱལ་ཁབ་བཅོ་ལྔ་སྤྱི་ཚེས་༢༡ཉིན་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ལ་བདམས་ཐོན་བྱུང་ཡོད་པ་དང་། འགན་ཡུན་དེ་སྤྱི་ལོ་༢༠༡༥ལོ་ནས་སྤྱི་ལོ་༢༠༡༧ལོ་བར་ཡིན་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ཉིན་དེར་མིང་མི་འགོད་པའི་འདེམས་ཤོག་དབྱུག་ནས་འགྲོ་བ་མིའི་ཐོབ་ནང་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མི་གསར་པ་བདམས་ཡོད་པ་རེད། ཉིན་དེར་བདམས་ཐོན་བྱུང་ཡོད་པའི་རྒྱལ་ཁབ་བཅོ་ལྔ་དེ་དག་ནི་རྒྱ་གར་དང་། ཧོ་ལན། ཀག་ན། ཨར་པ་ཉི་ཡ། ཕོ་ཐེའུ་ཀལ། བྷང་ག་ལ། པོ་ལི་ཝེ་ཡ། པོ་ཚེ་ཝ་ན། ཁོང་ཀོ་པོ། སར་ཝ་ཏོ། ཧིན་ཏུ་ཉི་ཤི་ཡ། ལ་ཐོ་ཝེ་ཡ། ཉི་ཀྲེར་རི་ཡ། པ་ལ་ཀུད། ག་དར་བཅས་ཡིན་པ་རེད། འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་དེ་སྤྱི་ལོ་༢༠༠༦ལོའི་ཟླ་༣པར་བཙུགས་ཡོད་པ་དང་། དེའི་གོང་གི་མིང་ལ་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཨུ་ཡོན་ལྷན་ཁང་ཟེར་ཞིང་སྤྱི་ཁྱབ་པུའུ་དེ་རེ་ནེ་ཝར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།