འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གིས་ཨད་པོ་ལའི་
    ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་རང་བཤེར་ཟླ་མཇུག་གོང་ལེགས་གྲུབ་
    ཟིན་པ་བྱེད་དགོས་པའི་བླང་བྱ་བཏོན་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་23ཉིན། 09:54】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གིས་ཉིན་ཤས་གོང་བརྡ་ཐོ་བཏང་སྟེ། ས་གནས་ཁག་གིས་ཨད་པོ་ལའི་ནད་ཡམས་སྔོན་འགོག་ཚོད་འཛིན་ལས་དོན་ཐད་རང་བཤེར་བྱས་ཏེ། མཉམ་འབྲེལ་ཐོག་སྔོན་འགོག་ཚོད་འཛིན་བྱེད་པའི་སྒྲིག་གཞིར་ཤུགས་སྣོན་རྒྱག་པ་དང་། སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་འཁྱོལ་ཡག་པོ་བྱེད་དགོས་པ། རང་བཤེར་བྱེད་པའི་བརྒྱུད་རིམ་ནང་ཤེས་རྟོགས་བྱུང་བའི་གནད་དོན་གྱི་རྒྱུ་རྐྱེན་འཚོལ་ཞིབ་བྱེད་པ་དང་། བཅོས་སྒྲིག་བསམ་འཆར་དང་ཇུས་གཞི་འདོན་པ། དུས་བཀག་གཏན་འཁེལ་གྱིས་བཅོས་སྒྲིག་བྱེད་པ་མ་ཟད་དོན་འཁྱོལ་གནས་ཚུལ་རྗེས་འདེད་བརྟག་དཔྱད་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད་པ་རེད།
        རྒྱལ་ཡོངས་ཀྱི་ཨད་པོ་ལའི་ནད་ཡམས་སྔོན་འགོག་ཚོད་འཛིན་ལས་དོན་གྱི་རང་བཤེར་ཇུས་གཞིར་གཞིགས་ན། རང་བཤེར་བྱེད་པའི་ནང་དོན་ནང་། ནད་ཡམས་ཐོན་ཁུལ་ནས་ཀྲུང་གོར་ཡོང་བའི་མི་སྣ་དང་། ཨད་པོ་ལའི་ནད་ཡམས་འགོས་པའི་དོགས་པ་ཡོད་པའམ། ནད་བརྟག་གཏན་འཁེལ་བྱུང་བའི་ནད་དཔེ་དང་འབྲེལ་གཏུག་ཟབ་མོ་བྱེད་མྱོང་བའི་མི་སྣའི་ཆ་འཕྲིན་ཞིང་ཆེན་དང་གྲོང་ཁྱེར་བརྒལ་བ་དང་། སྡེ་ཁག་ལས་བརྒལ་ཏེ་བརྡ་ཁྱབ་དང་། མཉམ་སྤྱོད། འགན་འཁྲི་འཁུར་བ་བཅས་ཀྱི་སྒྲིག་གཞི་བཙུགས་ཡོད་མེད་དང་། གནས་གཏན་འཁེལ་གྱི་སྨན་ཁང་གཏན་འཁེལ་བྱས་ཡོད་མེད། ནད་དཔེ་དང་འབྲེལ་གཏུག་དམ་ཟབ་བྱེད་མཁན་གྱི་ལོགས་དབྱེའི་གསོ་རིག་ལྟ་ཞིབ་ཁུལ་གཏན་འཁེལ་བྱས་ཡོད་མེད། ཨད་པོ་ལའི་ནད་ཡམས་ཀྱི་ནད་དཔྱད་དང་། ནད་གཡོག བརྟག་དཔྱད། འཕྲོད་བསྟེན་དུག་སེལ་སོགས་ཀྱི་ལས་དོན་བསྒྲུབས་མཁན་གྱི་འབྲེལ་ཡོད་མི་སྣས་མི་སྒེར་གྱི་འགོག་སྲུང་རྩལ་ནུས་ཁོང་དུ་ཏན་ཏིག་ཆུད་ཡོད་མེད་སོགས་ཚུད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།