འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱིན་ཇིའི་མི་དམངས་ཤོག་སྒོར་གྱི་བདག་དབང་བུན་འཛིན་ཐོག་མ་དེ་ལོན་ཏོན་དངུལ་འཛིན་
    བརྗེ་རེས་ཁང་དུ་སྒོ་བྱང་བཀལ་ནས་ཚོང་གཉེར་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་23ཉིན། 09:36】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། དབྱིན་ཇིའི་སྲིད་གཞུང་གིས་མི་དམངས་ཤོག་སྒོར་གྱི་བདག་དབང་བུན་འཛིན་གྱི་འགྲེམས་སྤེལ་ཐོག་མ་དེ་ཟླ་10ཚེས་21ཉིན་ལོན་ཏོན་དངུལ་འཛིན་བརྗེ་རེས་ཁང་དུ་སྒོ་བྱང་བཀལ་ནས་ཚོང་གཉེར་བྱས་ཤིང་། དབྱིན་ཇིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལུའུ་ཞུའོ་མིང་གིས་སྒོ་བྱང་འགེལ་བའི་མཛད་སྒོའི་ཐོག་ད་རེས་ཀྱི་འགྲེམས་སྤེལ་དེར་དོན་སྙིང་ཆེ་ལ་རྒྱང་རིང་གཏིང་ཟབ་ཀྱི་ཤུགས་རྐྱེན་ལྡན་པ་མ་ཟད། མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་དུ་འགྱུར་བའི་ཐད་དབྱིན་ཇིས་གོམ་སྟབས་བརྟན་པོ་སྤོས་པ་མཚོན་ཡོད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།