འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ལི་ཁེ་ཆང་གིས་ཡུན་ནན་གྱི་ས་ཡོམ་ཐད་མཛུབ་སྟོན་གལ་ཆེན་གནང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་08ཉིན། 14:36】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། པེ་ཅིང་གི་དུས་ཚོད་ཟླ་༡༠ཚེས་༧ཉིན་གྱི་ཆུ་ཚོད་༢༡དང་སྐར་མ་༤༩ཐོག་ཡུན་ནན་ཕུའུ་ཨེར་གྲོང་ཁྱེར་ཅིང་གུ་རྫོང་དུ་ས་ཡོམ་རིམ་པ་༦.༦བརྒྱབ་པ་དང་། ཡོམ་གནས་ཀྱི་གཏིང་ཚད་ལ་སྤྱི་ལེ་༥ཡོད་པ་རེད། 
         རྒྱུས་ལོན་ལྟར་ན། མིག་སྔའི་བར་ས་ཡོམ་གྱི་ཆག་སྒོ་ཁྲོད་མི་༡ཚེ་ལས་འདས་པ་དང་། མི་༣༢༤ལ་རྨས་སྐྱོན་ཕོག་ཡོད་པ་རེད།
         ས་ཡོམ་བརྒྱབ་རྗེས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་གཙིགས་མཐོང་གལ་ཆེན་གནང་སྟེ་མཛུབ་སྟོན་གནང་བ་འདི་ལྟར། མགྱོགས་མྱུར་ངང་གནོད་ཐེབས་གནས་ཚུལ་ལ་སྒོ་ཀུན་ནས་རྒྱུས་མངའ་བྱས་རྗེས། ནུས་ཤུགས་ཡོད་རྒུས་རྨས་མ་མྱུར་སྐྱོར་བྱེད་དགོས་པ་མ་ཟད། གནོད་འཚེ་ཕོག་ཁུལ་གྱི་མང་ཚོགས་རྣམས་བཀོད་སྒྲིག་འོས་འཚམ་བྱས་ནས་ཁོ་ཚོའི་གཞི་རྩའི་འཚོ་བར་འགན་ལེན་དང་། གནོད་འཚེ་ཐེབས་ཁུལ་གྱི་འགྲིམ་འགྲུལ་དང་། གློག་ཤུགས། ཆུ་བེད། དྲ་འཕྲིན་སོགས་རྨང་གཞི་སྒྲིག་བཀོད་རྣམས་སླར་གསོ། གློག་དང་གཞུང་ལམ་ཤར་གཏོང་། རོགས་སྐྱོར་དངོས་རྫས་སྐྱེལ་འདྲེན་བཅས་ཐུབ་པ་བྱེད་དགོས།
      

    ཕྱོགས་བསྡུས་གསར་འགྱུར།