འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ལིའུ་ཡན་ཏུང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་ནས་ཤིན་ཅང་ཐོན་སྐྱེད་
    འཛུགས་སྐྲུན་དམག་སྡེ་བཙུགས་ནས་ལོ་ངོ་༦༠འཁོར་བར་རྟེན་འབྲེལ་
    ཞུ་བའི་རིག་རྩལ་འཁྲབ་སྟོན་ལ་གཟིགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་08ཉིན། 16:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ལིའུ་ཡན་ཏུང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་ནས་ཤིན་ཅང་ཐོན་སྐྱེད་
འཛུགས་སྐྲུན་དམག་སྡེ་བཙུགས་ནས་ལོ་ངོ་༦༠འཁོར་བར་རྟེན་འབྲེལ་
ཞུ་བའི་རིག་རྩལ་འཁྲབ་སྟོན་ལ་གཟིགས་པ།
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་༡༠ཚེས་༦ཉིན་གྱི་དགོང་མོ་ཤིན་ཅང་མི་དམངས་ཚོགས་ཁང་ཆེན་མོར་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ་བཙུགས་ནས་ལོ་ངོ་༦༠འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་མྱ་ངམ་ཐང་གི་ལང་ཚོ་ཞེས་པ་འཁྲབ་སྟོན་བྱས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་ལིའུ་ཡན་ཏུང་གིས་མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་དང་མཉམ་དུ་འཁྲབ་སྟོན་ལ་གཟིགས་ཡོད་པ་རེད།
         མྱ་ངམ་ཐང་གི་ལང་ཚོ་ཞེས་པའི་ཟློས་གར་དེ་ནི་དམག་སྡེའི་ན་གཞོན་ཤེས་ཡོན་ཅན་དཀྱུས་མ་གཉིས་ཀྱི་གཏམ་རྒྱུད་ཁུངས་སྣེར་བཟུང་ནས། དམག་མིས་གསར་སྦོལ་བྱེད་པའི་མི་རབས་གསུམ་གྱི་ལས་དབང་དང་གདམ་ག་མི་འདྲ་བར་གཞིགས་ཏེ། དམག་སྡེའི་མི་ཚོགས་ཀྱི་གཟུགས་བརྙན་དེ་མངོན་པར་མཚོན་ཡོད་པ་མ་ཟད། དམག་སྡེའི་མི་སྣས་བདེ་སྐྱིད་ཀྱི་འཚོ་བར་རེ་བ་དང་། འཚོལ་རྙེད། བརྟན་སྲུང་། འབད་འཐབ་བཅས་བྱས་པ་གསོན་ཉམས་དོད་པོས་མངོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།