འཚོལ་བཤེར།   
藏文频道
2014ལོའི་ཟླ་9ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།༢༠༡༤ལོའི་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་བར་གྱི་སྐད་ཆ་ཤོད་རེས་གྲོས་ཚོགས་
    པེ་ཅིང་དུ་འཚོགས་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 09ཚེས་04ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། སྐབས་དང་པོའི་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་བར་གྱི་སྐད་ཆ་ཤོད་རེས་གྲོས་ཚོགས་དེ་སྤྱི་ཚེས་3ཉིན་གྱི་སྔ་དྲོ་པེ་ཅིང་དུ་འཚོགས་འགོ་ཚུགས་ཡོད་པ་རེད། སྐད་ཆ་ཤོད་རེས་གྲོས་ཚོགས་ཀྱི་བརྗོད་དོན་གཙོ་བོ་ནི་ཀྲུང་གོའི་བསྒྱུར་བཅོས་ནང་སྲིད་འཛིན་ཏང་གིས་བཟུང་བའི་རྣམ་པ་ཞེས་པ་དེ་ཡིན་པ་རེད།
        སྐབས་འདིའི་སྐད་ཆ་ཤོད་རེས་གྲོས་ཚོགས་དེས་འཛམ་གླིང་མི་ཀུན་གྱིས་དོ་ཁུར་བྱེད་པའི་ཀྲུང་གོའི་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱ་རྒྱུས་འགོ་འཛུགས་ས་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་བསམ་བློ་དང་ཇུས་འགོད། བྱེད་སྟངས་བཅས་ལ་གསལ་འགྲེལ་གཏིང་ཟབ་རྒྱག་པ་དང་། ཀྲུང་གོའི་བསྒྱུར་བཅོས་འཕེལ་རིམ་དང་ཕྱི་ཕྱོགས་ལ་ཐོན་པའི་ཤུགས་རྐྱེན་ལ་དངོས་སྒྲུབ་ཞིབ་བསྡུར་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྲུང་གོའི་བསྒྱུར་བཅོས་ཀྱི་མདུན་ལྗོངས་དང་ཀྲུང་གོའི་འབྱུང་འགྱུར་གོང་འཕེལ་གཏོང་ཕྱོགས་ལ་ཤེས་རྟོགས་ངོ་མ་ཡོང་རྒྱུར་སྐུལ་འདེད་གཏོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།