འཚོལ་བཤེར།   
藏文频道
2014ལོའི་ཟླ་9ཚེས་2ཉིན།
  • མི་དམངས་དྲ་བ།>>ཞིས་ཅིན་ཕིང་།4

    ༄༅།།ཞིས་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་བདུན་པའི་
    ཐོག་འཛམ་གླིང་དམག་དོན་གྱི་འཕེལ་ཕྱོགས་གསར་པ་འཕྱུགས་པ་མེད་པའི་སྒོ་ནས་ཁོང་དུ་
    ཆུད་པ་བྱས་ཏེ་དུས་བསྟུན་འཕེལ་རྒྱས་ངང་དམག་དོན་གསར་གཏོད་ལ་སྐུལ་འདེད་
    ཤུགས་ཆེན་གཏོང་དགོས་ཞེས་ནན་བཤད་གནང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 09ཚེས་02ཉིན། 09:03】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ཟླ་༨ཚེས་༢༩ཉིན་གྱི་ཕྱི་དྲོར། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་འཛམ་གླིང་དམག་དོན་གྱི་འཕེལ་ཕྱོགས་གསར་པ་དང་རང་རེའི་དམག་གི་དམག་དོན་གསར་གཏོད་ལ་སྐུལ་འདེད་གཏོང་བའི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་བདུན་པ་བྱས་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཚོགས་འདུར་གཙོ་སྐྱོང་གནང་སྐབས་འཛམ་གླིང་དམག་དོན་གྱི་གསར་བརྗེ་གསར་པ་ནི་ང་ཚོའི་ངོས་ནས་བརྗོད་ན་གོ་སྐབས་ཤིག་ཡིན་ལ་འགྲན་སློང་ཞིག་ཀྱང་རེད། ང་ཚོས་མཐོར་འཛེགས་རྒྱང་ལྟ་དང་ཕྲ་མཐོང་ཆེ་ཤེས་བྱས་ནས་འཛམ་གླིང་དམག་དོན་ཁྱབ་ཁོངས་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་གི་འགྲོ་ཕྱོགས། འཛམ་གླིང་གི་དམག་དོན་གསར་བརྗེ་གསར་པའི་ཤུགས་རྐྱེན་ཆེན་པོ་མཐོང་ཐུབ་པ་བྱས་ཏེ་ཚན་རིག་དང་མཐུན་པའི་ངོས་འཛིན་ཐུབ་པ་དང་བརྡར་ཤ་བཅད་དེ་དུས་བསྟུན་འཕེལ་རྒྱས་ངང་དམག་དོན་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གི་སྒྱུར་བཅོས་ལ་སྐུལ་མ་གཏོང་བ་དང་ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་སྔར་བས་མཐའ་འཁྱོངས་དང་མི་དམངས་དམག་དཔུང་གི་གཞི་རྩའི་དམིགས་ཡུལ་མཐའ་འཁྱོངས་བྱས་ཏེ་རང་རེའི་དམག་གིས་ཏང་གིས་གནང་བའི་ལོ་རྒྱུས་ཀྱི་འགན་འཁྲི་ལྕི་པོ་ཕྲག་ཐོག་ཏུ་འཁུར་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།