མི་དམངས་དྲ་བ།

༄༅༎རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕྱིར་སྡོད་གཞུང་ཚབ་ཆེ་མོ་བ་བསྐོ་འཐེན་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་02ཉིན། 09:44】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས་ལྟར། གཤམ་གྱི་ཕྱིར་སྡོད་གཞུང་ཚབ་ཆེ་མོ་བ་བསྐོ་འཐེན་གནང་བ་སྟེ།
     གཅིག དབྱང་ཙེ་ཀང་གི་ཨེ་རི་ཐྲེ་ཡ་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་དབང་ཆ་ཚང་མ་ཡོད་པའི་གཞུང་ཚབ་ཆེ་མོ་བའི་གོ་གནས་འཐེན་རྒྱུ་དང་།
     ཚའེ་ཀེ་ཨེ་རི་ཐྲེ་ཡ་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་དབང་ཆ་ཚང་མ་ཡོད་པའི་གཞུང་ཚབ་ཆེ་མོ་བར་བསྐོ་གཞག་བྱ་རྒྱུ།
     གཉིས། ཧྥུའུ་ཅི་ཅུན་གྱི་ལི་པི་ཡར་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་དབང་ཆ་ཚང་མ་ཡོད་པའི་གཞུང་ཚབ་ཆེ་མོ་བའི་གོ་གནས་འཐེན་རྒྱུ་དང་།
     དབྱི་ཧྲེང་ལི་པི་ཡར་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་དབང་ཆ་ཚང་མ་ཡོད་པའི་གཞུང་ཚབ་ཆེ་མོ་བར་བསྐོ་གཞག་བྱ་རྒྱུ།
     གསུམ། ཝུའུ་ཧའེ་ཐའོ་ཡི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཐུས་མི་གཞོན་པ་དང་ཆེད་བསྐོས་དབང་ཆ་ཚང་མ་ཡོད་པའི་གཞུང་ཚབ་ཆེ་མོ་བའི་གོ་གནས་འཐེན་རྒྱུ།
     ཏའེ་པིང་མཉམ་འབྲེལ་རྒྱལ་ཚོཌ་སུ་རྒྱུན་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐུ་ཚབ་གཞོན་པ་དང་ཆེད་བསྐོས་དབང་ཆ་ཚང་མ་ཡོད་པའི་གཞུང་ཚབ་ཆེ་མོ་བར་བསྐོ་གཞག་བྱ་རྒྱུ།
     བཞི། ཀེང་ཧྲོང་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐུ་ཚབ་གཞོན་པ་དང་ཆེད་བསྐོས་དབང་ཆ་ཚང་མ་ཡོད་པའི་གཞུང་ཚབ་ཆེ་མོ་བར་བསྐོ་གཞག་བྱ་རྒྱུ།

  
style="display:none;"