མི་དམངས་དྲ་བ།

༄༅༎ལི་ཀྲན་ཧྲུའུ་ཡིས་ཨུ་ཡོན་ཀྲང་གི་ཚོགས་འདུ་ཐེངས་རེ་དགུ་པ་གཙོ་སྐྱོང་གནང་བ།

མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གཅིག་པ་ཟླ་8ཚེས་8ཉིན་ནས་ཚེས་11ཉིན་བར་པེ་ཅིང་དུ་འཚོག་རྒྱུའི་གཏན་འབེབས་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་31ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་7ཚེས་29ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གི་ཚོགས་འདུ་ཐེངས་རེ་དགུ་པ་ཚེས་29ཉིན་གྱི་སྔ་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་ཤིང་། ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་གཙོ་སྐྱོང་གནང་བ་རེད། ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གཅིག་པ་ཟླ་8ཚེས་8ཉིན་ནས་ཚེས་11ཉིན་བར་པེ་ཅིང་དུ་འཚོག་རྒྱུའི་གཏན་འབེབས་བྱས་པ་རེད།
     ཨུ་ཡོན་ཀྲང་གི་ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གཅིག་པའི་ཐོག་གྲོང་ཁྱེར་སྲུང་སྐྱོང་དང་འཛུགས་སྐྲུན་དཔྱ་ཁྲལ་བཅའ་ཁྲིམས་འཆར་ཟིན་དང་། གན་ཁྲལ་བཅའ་ཁྲིམས་ཀྱི་འཆར་ཟིན། ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་སྔོན་འགོག་གི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན། སྲོག་ཆགས་ཀྱི་རིམས་འགོག་བཅའ་ཁྲིམས་བཟོ་བཅོས་ཀྱི་འཆར་ཟིན། བརྩམས་ཆོས་ཀྱི་བདག་དབང་བཅའ་ཁྲིམས་བཟོ་བཅོས་ཀྱི་འཆར་ཟིན་བཅས་ལ་གྲོས་ཞིབ་བྱ་རྒྱུ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གི་ཚོགས་འདུའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྩ་འཛུགས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་གྲོས་གཞི་དང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་རིམ་སྒྲིག་སྲོལ་བཟོ་བཅོས་འཆར་ཟིན་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་གྲོས་གཞི། རྒྱལ་དར་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་གྲོས་གཞི། རྒྱལ་རྟགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་གྲོས་གཞི་བཅས་ལ་གྲོས་ཞིབ་བྱ་རྒྱུའི་གྲོས་འགོ་བཏོན་པ་རེད།
     ཨུ་ཡོན་ཀྲང་གི་ཚོགས་འདུའི་ཐོག་གྲོས་འགོ་བཏོན་དོན། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གཅིག་པའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ད་ལོ་ཚུན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱས་ཚུལ་སྐོར་གྱི་སྙན་ཞུ་དང་། ད་ལོ་ཚུན་གྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་སྐོར་གྱི་སྙན་ཞུ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་འཐབ་ཇུས་ལག་བསྟར་དོན་འཁྱོལ་གྱིས་ཚན་རིག་ལག་རྩལ་ཡར་རྒྱས་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་སྐོར་གྱི་སྙན་ཞུ། སྤྱི་བདེ་ལས་ཁུངས་ཀྱི་ཁྲིམས་འཛིན་ཚད་ལྡན་ཅན་འཛུགས་སྐྱོང་ལས་དོན་གནས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་གྲོས་ཞིབ་བྱ་རྒྱུ་དང་། རུལ་སུངས་ལ་ངོ་རྒོལ་གྱི་རྒྱལ་སྤྱིའི་བྲོས་འདེད་དངུལ་འདེད་ཀྱི་ལས་དོན་སྒྲུབ་པའི་སྐོར་གྱི་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་སྙན་ཞུར་གྲོས་ཞིབ་བྱ་རྒྱུ་རེད།

  
style="display:none;"