མི་དམངས་དྲ་བ།

༄༅༎བྱང་སྐར་སྤུན་བདུན་ཨང་གསུམ་པ་རྟགས་ཅན་གྱི་གོ་ལ་ཧྲིལ་པོའི་སྲུང་སྐར་ཕྱོགས་སྟོན་མ་ལག་བསྐྲུན་ཟིན་པ་དང་
སྤྱོད་འགོ་ཚུགས་པའི་མཛད་སྒོ་ཟླ་7ཚེས་31ཉིན་གྱི་སྔ་དྲོ་གཉེར་རྒྱུ་ཡིན་པ། ཞི་ཅིན་ཕིང་ཕེབས་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་31ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་29ཉིན་གློག་འཕྲིན་འབྱོར་གསལ། བྱང་སྐར་སྤུན་བདུན་ཨང་གསུམ་པ་རྟགས་ཅན་གྱི་གོ་ལ་ཧྲིལ་པོའི་སྲུང་སྐར་ཕྱོགས་སྟོན་མ་ལག་བསྐྲུན་ཟིན་པ་དང་སྤྱོད་འགོ་ཚུགས་པའི་མཛད་སྒོ་ཟླ་7ཚེས་31ཉིན་གྱི་སྔ་དྲོའི་ཆུ་ཚོད་10དང་སྐར་མ་30ཡི་ཐོག་མི་དམངས་ཚོགས་ཁང་ཆེ་མོར་གཉེར་རྒྱུ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་མཛད་སྒོར་ཕེབས་རྒྱུ་ཡིན་པ་རེད།
     སྐབས་དེ་དུས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་ས་གནས་ས་ཐོག་ནས་ཐད་གཏོང་བྱ་རྒྱུ་ཡིན་པ་རེད།

  
style="display:none;"