མི་དམངས་དྲ་བ།

༄༅༎ཀྲུང་དབྱང་དམག་ཨུད་ཀྱིས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་སྤོར་བའི་མཛད་སྒོ་འཚོགས་པ། ཞི་ཅིན་ཕིང་གིས་
བཀའ་རྒྱའི་ལག་ཁྱེར་གནང་བ་དང་འབྲེལ་གོ་རྟཌ་འཕར་བའི་དམག་དཔོན་ལ་རྟེན་འབྲེལ་ཡང་ཞུས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་31ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ཟླ་7ཚེས་29ཉིན་ཀྲུང་དབྱང་དམག་ཨུད་ཀྱིས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་སྤོར་བའི་མཛད་སྒོ་པེ་ཅིང་བརྒྱད་གཅིག་ཐོག་བརྩེགས་ཁང་ཆེན་དུ་གཟབ་རྒྱས་ངང་འཚོགས་ཤིང་། འདི་ནི་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་འཕར་བའི་མེ་ཤུགས་འཕུར་མདའ་དམག་གི་ཆབ་སྲིད་ཨུ་ཡོན་བློ་མཐུན་ཞུས་ཀྲུང་པོར་བཀའ་རྒྱའི་ལག་ཁྱེར་གནང་བཞིན་པ།

ཟླ་7ཚེས་29ཉིན་ཀྲུང་དབྱང་དམག་ཨུད་ཀྱིས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་སྤོར་བའི་མཛད་སྒོ་པེ་ཅིང་བརྒྱད་གཅིག་ཐོག་བརྩེགས་ཁང་ཆེན་དུ་གཟབ་རྒྱས་ངང་འཚོགས་ཤིང་། འདི་ནི་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་འཕར་བའི་མེ་ཤུགས་འཕུར་མདའ་དམག་གི་ཆབ་སྲིད་ཨུ་ཡོན་བློ་མཐུན་ཞུས་ཀྲུང་པོར་བཀའ་རྒྱའི་ལག་ཁྱེར་གནང་བཞིན་པ།

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཚེས་29ཉིན་ཀྲུང་དབྱང་དམག་ཨུད་ཀྱིས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་སྤོར་བའི་མཛད་སྒོ་པེ་ཅིང་བརྒྱད་གཅིག་ཐོག་བརྩེགས་ཁང་ཆེན་དུ་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་འཕར་བའི་མེ་ཤུགས་འཕུར་མདའ་དམག་གི་ཆབ་སྲིད་ཨུ་ཡོན་བློ་མཐུན་ཞུས་ཀྲུང་པོ་ལ་བཀའ་རྒྱའི་ལག་ཁྱེར་གནང་བ་རེད།
     ཕྱི་དྲོའི་ཆུ་ཚོད་4དང་སྐར་མ་30ཐོག་གོ་རྟགས་སྤོར་བའི་མཛད་སྒོ་བརྗིད་ཉམས་ལྡན་པའི་རྒྱལ་གླུའི་སྒྲའི་ཁྲོད་འགོ་ཚུགས་ཤིང་། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཆི་ལེང་གིས་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཚན་རྟགས་བཀོད་པའི་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་སྤོར་རྒྱུའི་བཀའ་རྒྱ་སྒྲོག་སྦྱངས་གནང་བ་རེད། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་ཡིས་གོ་རྟགས་སྤོར་བའི་མཛད་སྒོ་གཙོ་སྐྱོང་གནང་བ་རེད།
     ཧྲང་ཅང་དམག་དཔོན་གྱི་གོ་རྟགས་འཕར་བའི་དམག་དཔོན་ཞུས་ཀྲུང་པོ་ཡིས་དམག་ཆས་ལེགས་པར་གྱོན་ནས་དཔའ་ཉམས་ཆེར་སྐྱེད་ཀྱིས་ཀྲུའུ་ཞི་སྡིངས་ཆའི་ཐོག་བསྐྱོད་ཅིང་། ཞི་ཅིན་ཕིང་གིས་ཁོང་ལ་བཀའ་རྒྱའི་ལག་ཁྱེར་གནང་ནས་རྟེན་འབྲེལ་ཞུས་པ་རེད། དཔུང་པར་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་བཏགས་པའི་ཞུས་ཀྲུང་པོ་ཡིས་ཞི་ཅིན་ཕིང་དང་མཛད་སྒོར་ཞུགས་མཁན་བློ་མཐུན་ཚང་མར་གུས་འདུད་ཞུ་སྐབས་ཚོགས་ར་ཡོངས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་པ་རེད།
     གོ་རྟགས་སྤོར་བའི་མཛད་སྒོ་སྐད་གསང་མཐོན་པོའི་དམག་གླུའི་སྒྲའི་ཁྲོད་མཇུག་འགྲིལ་བ་རེད།
     ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་ཝེ་ཧྥུང་ཧོ་དང་། ལི་ཙུའོ་ཁྲེང་། མེའོ་ཧྭ། ཀྲང་ཧྲེང་མིང་བཅས་དང་དེ་བཞིན་དམག་ཨུད་ལས་ཁུངས་ཀྱི་སྡེ་ཚན་ཁག་དང་པེ་ཅིང་དུ་བཅའ་སྡོད་ཚན་པ་ཆེ་གྲས་ཁག་གི་འགོ་ཁྲིད་སོགས་གོ་རྟགས་སྤོར་བའི་མཛད་སྒོར་ཞུགས་ཡོད་པ་རེད།

  
style="display:none;"