མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོ་དང་འཐབ་ཕྱོགས་ཁག་གི་རྒྱ་ཆེའི་བུད་མེད་ཚོར་
ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་10ཉིན། 13:42】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་8ཉིན་གློག་འཕྲིན་འབྱོར་གསལ། “གསུམ་བརྒྱད”རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་གྱི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོ་དང་འཐབ་ཕྱོགས་ཁག་གི་རྒྱ་ཆེའི་བུད་མེད་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་མ་ཟད། རྒྱལ་ཡོངས་མི་རིགས་ཁག་དང་ལས་རིགས་ཁག་གི་བུད་མེད་ཚོར་དུས་ཆེན་གྱི་འཚམས་འདྲི་ཡང་ཞུས་པ་རེད།
     ཞི་ཅིན་ཕིང་གིས་གསུངས་དོན། ཏོག་གསར་གློ་ཚད་ཐོན་རྗེས་རྒྱ་ཆེའི་བུད་མེད་སྨན་དོན་མི་སྣས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ཉིན་མཚན་ལྟོས་མེད་ངང་འབད་འཐབ་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོ་བརྟན་པོར་བསྲུངས་ནས་སྲོག་སྐྱོབ་རྨས་སྐྱོར་དང་སྨན་པའི་བླ་ན་མེད་པའི་སྙིང་སྟོབས་མངོན་ཡོད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་། སྤྱི་བདེའི་མི་དམངས་ཉེན་རྟོག་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་མི་སྣ། སྡེ་ཁུལ་གྱི་ལས་དོན་མི་སྣ། གསར་འགྱུར་ལས་དོན་མི་སྣ། དང་བླངས་པ་སོགས་ཁྲོད་ཀྱི་བུད་མེད་ཚོས་ལྷག་བསམ་རྣམ་དག་གིས་འགན་འཁྲི་སྒྲུབ་པ་དང་སྙིང་རུས་ཆེན་པོས་འབད་བརྩོན་བྱས་ཏེ། དཀའ་ཚེགས་ཆེ་བའི་ལས་དོན་འབོར་ཆེན་བསྒྲུབས་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་རྩོད་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཚང་མས་རྒྱལ་ཁ་ཐོབ་ངེས་ཀྱི་དད་སེམས་བརྟན་དུ་གཏོང་བ་དང་། དཔའ་ངར་ཆེར་སྐྱེད་ཀྱི་བློ་སྟོབས་རྒྱུན་འཁྱོངས་བྱེད་པ། ཚན་རིག་དང་མཐུན་པའི་འགོག་སྲུང་ཡག་པོ་བྱེད་པ། རྒྱུན་མཐུད་དང་བདེ་ཐང་ངང་རིམས་ནད་ལས་རྣམ་པར་རྒྱལ་བ་བྱེད་པའི་འཐབ་རྩོད་ནང་ཞུགས་རྒྱུའི་རེ་བ་ཡོད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོ་དང་འཐབ་ཕྱོགས་ཁག་གི་བུད་མེད་ཚོར་ཐུགས་ཁུར་དང་གཅེས་སྐྱོང་བྱས་ཏེ། རིམས་ནད་སྔོན་འགོག་དང་རིམས་ནད་སྔོན་འགོག་གི་འཐབ་ས་དང་པོའི་བུད་མེད་དཔའ་བོའི་དཔེ་མཚོན་དྲིལ་བསྒྲགས་ཤུགས་ཆེན་དང་བུད་མེད་ཁྲི་སྟོང་མང་པོས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་ཀྱི་དམག་འཁྲུག་དང་། སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་གྱི་དམག་འཐབ་བཅས་ལ་རྒྱལ་ཁ་ལེན་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་བར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས།

  
style="display:none;"