འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་6ཉིན།

༄༅༎ཕྱི་འབྲེལ་པུས། ཀྲུང་གོ་དང་རི་པིན་ཕྱོགས་གཉིས་པོས་ཞི་ཅིན་ཕིང་གིས་རི་པིན་ལ་འཚམས་འདྲི་གནང་རྒྱུའི་དུས་སྐབས་ཐད་
འབྲེལ་གཏུག་དམ་ཟབ་བྱ་རྒྱུ་ཡིན་ཞེས་བཤད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་06ཉིན། 13:52】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རི་པིན་ལ་རྒྱལ་དོན་འཚམས་འདྲི་གནང་རྒྱུ་དེ་ད་ལོའི་དཔྱིད་ཀར་འགྲུབ་དཀའ་བར་འགྱུར་ཡོད་ཅེས་གནས་ཚུལ་སྤེལ་བར་དམིགས་ནས། ཚེས་5ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་ཀྲུང་གོ་དང་རི་པིན་ཕྱོགས་གཉིས་པོས་འཚམས་འདྲིའི་དུས་སྐབས་ཐད་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
     ཀྲའོ་ལི་ཅན་གྱིས་དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་མིག་སྔར་ཀྲུང་རི་རྒྱལ་ཁབ་གཉིས་པོས་ཏོག་གསར་གློ་ཚད་རིམས་ནད་ནུས་ཤུགས་ཡོད་རྒུས་འགོག་རྒོལ་བྱེད་བཞིན་ཡོད། ཀྲུང་གོ་དང་རི་པིན་ཕྱོགས་གཉིས་པོས་ངེས་པར་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རི་པིན་ལ་རྒྱལ་དོན་འཚམས་འདྲི་གནང་རྒྱུ་དེ་འཚམ་ཤོས་ཀྱི་དུས་སྐབས་དང་། ཁོར་ཡུག རྣམ་པ་བཅས་ཀྱི་འོག་མངོན་འགྱུར་ཡོང་བ་བྱེད་པ་དང་འབྲེལ་ཐུགས་གྲ་ལེགས་འགྲིག་ཡོང་བའི་འགན་ལེན་བྱེད་དགོས་པའི་ངོས་འཛིན་མགྲིན་གཅིག་ཏུ་བྱས་པ་རེད། གྲོས་མོལ་བྱས་པ་བརྒྱུད་ཀྲུང་གོ་དང་རི་པིན་ཕྱོགས་གཉིས་པོས་འཚམས་འདྲིའི་དུས་སྐབས་ཐད་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།