མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་གཉིས་ཀྱིས་ལྟ་རེས་སྐྱོང་རེས་དང་ཕྱར་བ་གྲུ་འདེགས་བྱེད་ཀྱི་ཡོད་ཅེས་བརྗོད།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་28ཉིན། 12:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅༎ཞི་ཅིན་ཕིང་གིས་ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་གཉིས་ཀྱིས་ལྟ་རེས་སྐྱོང་རེས་དང་ཕྱར་བ་གྲུ་འདེགས་བྱེད་ཀྱི་ཡོད་ཅེས་བརྗོད།

     མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་27ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་པ་ཐི་ལེ་ཀི་དང་གྲོས་མོལ་གནང་བ་རེད། 
     ཞི་ཅིན་ཕིང་གིས་མིག་སྔར་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱིས་ནུས་ཤུགས་ཡོད་རྒུས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་འགོག་རྒོལ་བྱེད་བཞིན་ཡོད། དེའི་ཁྲོད་མོང་གོལ་སྲིད་གཞུང་དང་མི་དམངས་ཀྱི་རྩ་ཆེའི་རྒྱབ་སྐྱོར་དང་རོགས་རམ་ཐོབ་ཡོད། སྐུ་ཞབས་ཙུང་ཐུང་ནི་རིམས་ནད་ཐོན་རྗེས་ཀྲུང་གོར་འཚམས་འདྲིར་ཕེབས་མཁན་ཕྱི་རྒྱལ་གྱི་གཙོ་བདག་ཐོག་མ་ཡིན་པའི་ངོས་ནས་ཆེད་མངགས་ཀྲུང་གོ་ཕྱོགས་ལ་འཚམས་འདྲི་དང་རྒྱབ་སྐྱོར་གནང་བར་ཕེབས་པ་དེའི་ཐོག་ནས་སྐུ་ཞབས་ཙུང་ཐུང་གིས་ཀྲུང་མོང་དབར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་གནང་བ་དང་ཀྲུང་གོའི་མི་དམངས་ལ་བཅངས་པའི་བརྩེ་དུང་ཟབ་མོ་གང་ལེགས་མཚོན་ཡོད་ལ། ཀྲུང་མོང་ཁྱིམ་མཚེས་རྒྱལ་ཁབ་གཉིས་ཀྱིས་ལྟ་རེས་སྐྱོང་རེས་དང་ཕྱར་བ་གྲུ་འདེགས་ཀྱི་གསོན་ཉམས་དོད་པའི་འགྲེལ་བཤད་ཅིག་ཀྱང་རེད་ཅེས་གསུངས་བ་རེད། 

༄༅༎ཞི་ཅིན་ཕིང་གིས་ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་གཉིས་ཀྱིས་ལྟ་རེས་སྐྱོང་རེས་དང་ཕྱར་བ་གྲུ་འདེགས་བྱེད་ཀྱི་ཡོད་ཅེས་བརྗོད།

  
style="display:none;"