མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཕོར་ཐིའུ་ཀལ་སྐད་ཀྱི་རྒྱལ་ཁབ་ཀྱི་ཚོང་དོན་མཉམ་ལས་ཞབས་ཞུའི་
ལས་སྟེགས་ཀྱི་ཕྱོགས་བསྡུས་སྒྲིག་གཞིར་གཟིགས་ཞིབ་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་21ཉིན། 13:19】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་ཨའོ་མོན་ནས་ཟླ་12ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཚེས་19ཉིན་གྱི་སྔ་དྲོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཚུའེ་ཧྲེ་ཨན་གྱི་ཕེབས་རོགས་འོག་ཀྲུང་གོ་དང་ཕོར་ཐིའུ་ཀལ་སྐད་ཀྱི་རྒྱལ་ཁབ་ཀྱི་ཚོང་དོན་མཉམ་ལས་ཞབས་ཞུའི་ལས་སྟེགས་ཀྱི་ཕྱོགས་བསྡུས་སྒྲིག་གཞིར་གཟིགས་ཞིབ་གནང་བར་ཕེབས་པ་རེད།
     བསྐྲུན་མ་ཐག་པའི་ཀྲུང་གོ་དང་ཕོར་ཐིའུ་ཀལ་སྐད་ཀྱི་རྒྱལ་ཁབ་ཀྱི་ཚོང་དོན་མཉམ་ལས་ཞབས་ཞུའི་ལས་སྟེགས་ཀྱི་ཕྱོགས་བསྡུས་སྒྲིག་གཞི་ནི་ཨའོ་མོན་གྱི་ནན་དབན་མཚེའུ་ཡི་འགྲམ་དུ་གནས་ཤིང་། ཀྲུང་གོ་དང་ཕོར་ཐིའུ་ཀལ་སྐད་ཀྱི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་གླེང་སྟེགས(ཨའོ་མོན)གྱི་གཏན་འཇགས་ཚོགས་ར་ཡིན་པའི་ངོས་ནས་ཚོང་དོན་ཞབས་ཞུ་དང་། དཔལ་འབྱོར་ཚོང་དོན་གྱི་ངོ་འཕྲད་གྲོས་མོལ། ཚོང་ཟོག་འགྲེམས་སྟོན། རིག་གནས་འགྲེམས་སྟོན། ཆ་འཕྲིན་སྤེལ་རེས་བཅས་གཞི་གཅིག་ཏུ་འདུས་པ་དང་། དེས་ཀྲུང་གོ་དང་ཕོར་ཐིའུ་ཀལ་སྐད་ཀྱི་རྒྱལ་ཁབ་ཀྱི་མཛའ་གྲོགས་མཉམ་ལས་ལ་སྟབས་བདེ་བསྐྲུན་རྒྱུ་རེད།
     ཞི་ཅིན་ཕིང་གིས་ཕྱོགས་བསྡུས་སྒྲིག་གཞི་དང་དེ་བཞིན་གླེང་སྟེགས་ཀྱི་གནས་ཚུལ་ངོ་སྤྲོད་གསན་པ་དང་། ལས་སྟེགས་འཛུགས་སྐྲུན་གྱི་གྲུབ་འབྲས་འགྲེམས་སྟོན་དང་ཕོར་ཐིའུ་ཀལ་སྐད་ཀྱི་རྒྱལ་ཁབ་ཀྱི་ཐོན་རྫས་འགྲེམས་སྟོན་ལ་གཟིགས་ཞིབ་གནང་རྗེས། ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ཚུན་ཀྲུང་གོ་དང་ཕོར་ཐིའུ་ཀལ་སྐད་ཀྱི་རྒྱལ་ཁབ་ཀྱི་ཚོང་དོན་མཉམ་ལས་ཞབས་ཞུའི་ལས་སྟེགས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བར་ཐོབ་པའི་འཕེལ་རིམ་ལ་ཁས་ལེན་གནང་ཞིང་། ཁོང་གིས་ཀྲུང་གོ་དང་ཕོར་ཐིའུ་ཀལ་སྐད་ཀྱི་རྒྱལ་ཁབ་ཀྱི་ཚོང་དོན་མཉམ་ལས་ཞབས་ཞུའི་ལས་སྟེགས་བསྐྲུན་པ་ནི་ཨའོ་མོན་གྱིས་རང་ངོས་ཀྱི་དགེ་མཚན་འདོན་སྤེལ་དང་རྒྱལ་ཁབ་ཀྱི་དགོས་མཁོར་ཞབས་འདེགས་ཞུ་བའི་བྱ་ཐབས་གལ་ཆེན་ཞིག་རེད་ཅེས་གསུངས་པ་རེད།

  
style="display:none;"