མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཚུའེ་ཧྲི་ཨན་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་20ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

འདི་ནི་ཟླ་12ཚེས་18ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨའོ་མོན་དུ་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཚུའེ་ཧྲི་ཨན་དང་མཇལ་འཛོམས་གནང་བཞིན་པ།

འདི་ནི་ཟླ་12ཚེས་18ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨའོ་མོན་དུ་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཚུའེ་ཧྲི་ཨན་དང་མཇལ་འཛོམས་གནང་བཞིན་པ།

     ཤིན་ཧྭ་གསར་འགྱུར་ཁང་ཨའོ་མོན་ནས་ཟླ་12ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཚེས་18ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨའོ་མོན་དུ་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཚུའེ་ཧྲི་ཨན་དང་མཇལ་འཛོམས་གནང་བ་རེད།
     ཞི་ཅིན་ཕིང་གིས་ཚུའེ་ཧྲི་ཨན་ལ། ཁྱེད་ཀྱིས་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་གྱི་ལས་གནས་ཐོག་གཟབ་གཟབ་ནན་ནན་དང་ཧུར་ཐག་འབད་ཐག་ངང་ལས་ཀ་ལོ་ངོ་10བྱས་ཡོད། ཁྱེད་ཀྱི་འགོ་ཁྲིད་འོག་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་མཛད་ཕྱོགས་ཕྱོགས་ཡོངས་དང་གནད་ལ་འཁེལ་བའི་ངང་ལག་ལེན་བསྟར་བ་དང་། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ལ་ནན་པོར་གཞིགས་ནས་ལས་དོན་སྒྲུབ་པ། སྲིད་བརྟན་པོ་སྐྱོང་བ་དང་དོན་གཉེར་ལས་སྒྲུབ་བཅས་བྱས་པས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་དང་སྤྱི་ཚོགས་བརྟན་ལྷིང་རྒྱུན་འཁྱོངས་བྱེད་པའམ་ཡང་ན། དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ལ་སྐུལ་འདེད་གཏོང་བ་དང་། དེ་བཞིན་ནང་ས་དང་སྤེལ་རེས་མཉམ་ལས་བྱེད་ཟབ་ཏུ་དང་ཕྱི་ཕྱོགས་འགྲོ་འོང་བྱེད་རྒྱ་ཆེ་རུ་གཏོང་བ་སོགས་གང་ཞིག་ཡིན་རུང་། ཚང་མར་གྲུབ་འབྲས་གསར་པ་མང་པོ་ཐོབ་ནས་ཨའོ་མོན་དར་རྒྱས་བརྟན་ལྷིང་གི་རྣམ་པ་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་ཕྱིན་ཡོད། དེའི་ཐད་ཀྲུང་དབྱང་སྲིད་གཞུང་གིས་ཁྱེད་ཀྱི་ལས་དོན་སྤེལ་ཚུལ་ལ་ཁས་ལེན་གང་ལེགས་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས། ཁྱེད་ཀྱིས་རྒྱལ་ཁབ་དང་ཨའོ་མོན་གྱི་འཕེལ་རྒྱས་ལ་ཐོག་མཐའ་བར་གསུམ་དུ་སེམས་ཁུར་བྱས་ནས་གསར་དུ་བསྐོ་གཞག་བྱས་པའི་སྲིད་འཛིན་དཔོན་དང་སྐབས་གསར་པའི་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གིས་ཁྲིམས་བཞིན་སྲིད་སྐྱོང་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱས་ནས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ལག་ལེན་བསྟར་ཆེད་མུ་མཐུད་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
     ཚུའེ་ཧྲི་ཨན་གྱིས་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་དང་ཨའོ་མོན་གྱི་གྲོང་མིའི་ཚབ་ཞུས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཨའོ་མོན་དུ་ཕེབས་ཏེ་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ་20འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་ལྔ་པའི་སྲིད་གཞུང་གི་འགན་བཞེས་མཛད་སྒོར་ཞུགས་པ་དང་འབྲེལ་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་ལ་གཟིགས་ཞིབ་གནང་བར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་ཤིང་། ཁོང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་དབྱང་སྲིད་གཞུང་གིས་ཨའོ་མོན་ལ་ཐུགས་ཁུར་དང་། ང་རང་ལ་ཡིད་ཆེས་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལོ་འདི་དག་རིང་ཀྲུང་དབྱང་གི་རྒྱབ་སྐྱོར་ཤུགས་ཆེན་འོག་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་དང་ལས་རིགས་ཁག་གི་མི་སྣས“ལྟེ་བ་གཅིག་དང་། ལས་སྟེགས་གཅིག རྟེན་གཞི་གཅིག”བཅས་ཀྱི་འཕེལ་རྒྱས་ཀྱི་ངེས་གནས་ལ་དམ་པོར་དམིགས་པ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་། ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་གསུམ་གྱི་ཁུག་ཆ་ཆེ་མོ་འཛུགས་སྐྲུན་གྱི་གོ་སྐབས་ལ་བརྟེན་ནས་ཨའོ་མོན་དར་རྒྱས་བརྟན་ལྷིང་དང་དཔལ་འབྱོར་ཚད་རན་སྣ་མང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་འབད་བརྩོན་ཧུར་ཐག་བྱས་ཡོད། ངས་མུ་མཐུད་སེམས་ནུས་ཡོད་རྒུས་སྐབས་གསར་པའི་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ཁྲིམས་བཞིན་སྲིད་སྐྱོང་བར་རྒྱབ་སྐྱོར་བྱས་ཏེ་ཨའོ་མོན་དང་རྒྱལ་ཁབ་ཀྱི་ཆེད་རང་ཉིད་ཀྱི་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།
     ཏིང་ཤུའེ་ཞང་མཇལ་འཛོམས་གནང་བར་ལྷན་དུ་ཕེབས་ཡོད་པ་རེད།

  
style="display:none;"