མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཧོ་དབྱི་ཁྲེང་ལ་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་22ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

འདི་ནི་ཟླ་12ཚེས་20ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨའོ་མོན་དུ་འགན་བཞེས་མ་ཐག་པའི་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཧོ་དབྱི་ཁྲེང་ལ་མཇལ་འཕྲད་གནང་བཞིན་པ།

འདི་ནི་ཟླ་12ཚེས་20ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨའོ་མོན་དུ་འགན་བཞེས་མ་ཐག་པའི་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཧོ་དབྱི་ཁྲེང་ལ་མཇལ་འཕྲད་གནང་བཞིན་པ།

     ཤིན་ཧྭ་གསར་འགྱུར་ཁང་ཨའོ་མོན་ནས་ཟླ་12ཚེས་20ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་20ཉིན་གྱི་སྔ་དྲོར་ཨའོ་མོན་དུ་འགན་བཞེས་མ་ཐག་པའི་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཧོ་དབྱི་ཁྲེང་ལ་མཇལ་འཕྲད་གནང་བ་རེད། 
     ཞི་ཅིན་ཕིང་གིས་ཧོ་དབྱི་ཁྲེང་གིས་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་ལྔ་པའི་སྲིད་འཛིན་དཔོན་གྱི་འགན་བཞེས་པར་བཀྲ་ཤིས་བདེ་ལེགས་ཞུས་ཤིང་། ཁོང་གིས། དེ་རིང་ནས་བཟུང་། ཁྱེད་ཀྱིས་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་ལ་འགོ་ཁྲིད་བྱེད་པའི་ལས་འགན་ལྕི་པོ་འཁུར་དགོས་ཀྱི་ཡོད། ཀྲུང་དབྱང་སྲིད་གཞུང་གིས་ཁྱེད་ལ་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད་ལ། ཨའོ་མོན་གྲོང་མིས་ཁྱེད་ལ་རེ་བ་ཆེན་པོ་བཅོལ་ཡོད། ཁྱེད་ཉིད་ནས་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་སྣེ་ཁྲིད་དེ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་ཡང་དག་བྱེད་པ་དང་། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ལ་ནན་པོར་གཞིགས་ནས་ལས་དོན་སྒྲུབ་པ། གཟབ་བརླིང་བརྟན་གསུམ་གྱི་སྒོ་ནས་སྲིད་སྐྱོང་དང་སྙིང་སྟོབས་ཆེར་བསྐྱེད་ཀྱིས་བྱས་རྗེས་འཇོག་པ་བཅས་བྱས་ནས། སྐབས་རིམ་བྱུང་གི་སྲིད་གཞུང་གིས་བཏིང་བའི་རྨང་གཞི་བཟང་པོའི་ཐོག ཨའོ་མོན་གྱི་དཔལ་འབྱོར་འཕེལ་རྒྱས་དང་། དམངས་འཚོ་ལེགས་གཏོང་། སྤྱི་ཚོགས་ཞི་མཐུན་བཅས་ཡོང་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་འབྲེལ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ནས་ཨའོ་མོན་འཛུགས་སྐྲུན་དེ་བས་ཡག་པོ་བྱེད་རྒྱུའི་རེ་བ་ཡོད། ཀྲུང་དབྱང་སྲིད་གཞུང་གིས་ཁྱེད་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད། 
     ཧོ་དབྱི་ཁྲེང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་དབྱང་སྲིད་གཞུང་གིས་ཡིད་ཆེས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཁོང་གིས། སྐབས་གསར་པའི་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་དཔུང་ཁག་འཛུགས་སྐྱོང་ལ་དོ་དམ་བཅོས་སྐྱོང་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་ནས། ཕུགས་ལ་དམིགས་པ་དང་དཀའ་གནད་བསལ་ཏེ་དཔལ་འབྱོར་རྒྱུན་མཐུད་དང་བརྟན་པོའི་ངང་འཕེལ་རྒྱས་ཡོང་བའི་འགན་ལེན་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད། ཁོང་གིས། དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་སྣེ་ཁྲིད་ནས་ལས་ཀ་ཧུར་ཐག་བྱེད་ཀྱི་ཡིན་པས་ཀྲུའུ་ཞི་ཞི་ཅིན་ཕིང་ཐུགས་བློ་བདེ་པོ་གནང་རོགས་ཞེས་གསུངས་པ་རེད། 

  
style="display:none;"