མི་དམངས་དྲ་བ།

༄༅༎ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ་20འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཨའོ་མོན་དམིགས་
བསལ་སྲིད་འཛིན་ཁུལ་གྱི་སྐབས་ལྔ་པའི་སྲིད་གཞུང་གི་འགན་བཞེས་མཛད་སྒོ་གཟབ་རྒྱས་ངང་འཚོགས་པ།
ཞི་ཅིན་ཕིང་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་22ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ཟླ་12ཚེས་20ཉིན། ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ་20འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་ལྔ་པའི་སྲིད་གཞུང་གི་འགན་བཞེས་མཛད་སྒོ་ཨའོ་མོན་ཨེ་ཤེ་ཡ་ཤར་མའི་ལུས་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་ཁང་དུ་གཟབ་རྒྱས་ངང་འཚོགས་ཤིང་། འདི་ནི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་མཛད་སྒོར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བཞིན་པ།

ཟླ་12ཚེས་20ཉིན། ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ་20འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་ལྔ་པའི་སྲིད་གཞུང་གི་འགན་བཞེས་མཛད་སྒོ་ཨའོ་མོན་ཨེ་ཤེ་ཡ་ཤར་མའི་ལུས་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་ཁང་དུ་གཟབ་རྒྱས་ངང་འཚོགས་ཤིང་། འདི་ནི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་མཛད་སྒོར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བཞིན་པ།

     ཤིན་ཧྭ་གསར་འགྱུར་ཁང་ཨའོ་མོན་ནས་ཟླ་12ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན་གྱི་སྔ་དྲོར་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ་20འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་ལྔ་པའི་སྲིད་གཞུང་གི་འགན་བཞེས་མཛད་སྒོ་ཨའོ་མོན་ཨེ་ཤེ་ཡ་ཤར་མའི་ལུས་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་ཁང་དུ་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་རྟེན་འབྲེལ་ཚོགས་ཆེན་ལ་ཞུགས་པ་མ་ཟད། གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཁོང་གིས། ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ་20སོང་རིང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣས་ནུས་སེམས་གཅིག་སྒྲིལ་གྱིས་ཨའོ་མོན་ལོ་རྒྱུས་ཐོག་གི་འཕེལ་རྒྱས་ཀྱི་རྣམ་པ་བཟང་ཤོས་བཏོད་ཡོད་པ་དང་། ཨའོ་མོན་གྱི་ཁྱད་ཆོས་ལྡན་པའི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”གྲུབ་འབྲས་ཐོབ་པའི་ངང་ལག་ལེན་བསྟར་བའི་ངོ་མཚར་ལེའུ་བཏོད་ཡོད་ཅེས་གསུངས་པ་རེད། ཁོང་གིས་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་གསར་པའི་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣས་མཐོ་ས་ནས་རྒྱང་ལྟ་དང་བདེ་དུས་ཉེན་བསམ། རྩ་བ་བརྟན་སྲུང་དང་གསར་གཏོད། དོན་གཉེར་དོན་ལྡན་བཅས་བྱས་ཏེ། ད་ཡོད་གྲུབ་འབྲས་ཀྱི་རྨང་གཞིའི་ཐོག ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་འཛུགས་སྐྲུན་བྱ་གཞག་ཁག་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐུགས་རེ་གནང་བ་རེད།
     ཚོགས་རའི་རྣམ་པ་རྔམ་བརྗིད་ལྡན་པ་དང་སྤྲོ་སེམས་འཁོལ་བ་ཞིག་ཡོད། ཀྲུའུ་ཞི་སྡིངས་ཆའི་ཐོག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁུལ་དར་དེ་བས་མངོན་གསལ་དོད་པར་སྣང་། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་ལྔ་པའི་སྲིད་འཛིན་དཔོན་ཧོ་དབྱི་ཁྲེང་དང་སྐུ་ཟླ་ཀྲེང་སུའུ་ཀྲེན་གྱི་ཕེབས་རོགས་འོག ཚོགས་རའི་ནང་ཕེབས་སྐབས་ཚང་མ་ཡར་ལངས་ནས་སྤྲོ་སེམས་རབ་ཏུ་འཁོལ་བའི་དགའ་བསུ་ཞུས་པ་རེད།
     སྔ་དྲོའི་ཆུ་ཚོད་10པར་རྟེན་འབྲེལ་ཚོགས་ཆེན་དང་འགན་བཞེས་མཛད་སྒོ་འགོ་ཚུགས་པ་དང་། ཚང་མས་ཡར་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་པ་རེད།
     ཞི་ཅིན་ཕིང་ཀྲུའུ་ཞི་སྡིངས་ཆའི་ཐོག་ཏུ་ཕེབས་ནས་དམ་བཅའ་འཇོག་པར་ལྟ་སྐུལ་གནང་བ་དང་། ཧོ་དབྱི་ཁྲེང་གིས་དང་ཐོག་འགན་བཞེས་དམ་བཅའ་བཞག་པ་དང་། ཁོང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁུལ་དར་ལ་ཕྱོགས་ཏེ། ཕྱག་གཡས་པ་བཀྱག་ནས་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་བརྗིད་ཉམས་ཆེན་པོས་དམ་བཅའ་བཞག་པ་རེད། དམ་བཅའ་བཞག་ཟིན་རྗེས་ཞི་ཅིན་ཕིང་གིས་ཧོ་དབྱི་ཁྲེང་ལ་ཕྱག་བཏང་གནང་བ་རེད།
     དེ་རྗེས་ཞི་ཅིན་ཕིང་གིས་དམ་བཅའ་འཇོག་པར་ལྟ་སྐུལ་གནང་བ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་ལྔ་པའི་སྲིད་གཞུང་གི་དཔོན་རིགས་གཙོ་བོས་ཧོ་དབྱི་ཁྲེང་གི་སྣེ་ཁྲིད་འོག་འགན་བཞེས་དམ་བཅའ་བཞག་པ་རེད། དམ་བཅའ་བཞག་ཟིན་རྗེས་ཞི་ཅིན་ཕིང་གིས་ཁོང་ཚོར་ཕྱག་བཏང་གནང་བ་རེད། 
     དེ་རྗེས་ཧོ་དབྱི་ཁྲེང་གིས་དམ་བཅའ་འཇོག་པར་ལྟ་སྐུལ་གནང་བ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་ལྷན་ཚོགས་ཀྱི་ཨུ་ཡོན་གྱིས་འགན་བཞེས་དམ་བཅའ་བཞག་པ་རེད།
     སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཐོག་མར་ཀྲུང་དབྱང་སྲིད་གཞུང་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ཏེ། ཨའོ་མོན་གྱི་གྲོང་མི་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་དང་། གསར་དུ་བསྐོ་གཞག་བྱས་པའི་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་ལྔ་པའི་སྲིད་འཛིན་དཔོན་སྐུ་ཞབས་ཧོ་དབྱི་ཁྲེང་དང་། སྐབས་ལྔ་པའི་སྲིད་གཞུང་གི་དཔོན་རིགས་གཙོ་བོ། སྲིད་འཛིན་ལྷན་ཚོགས་ཀྱི་ཨུ་ཡོན་བཅས་ལ་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་དང་། ཨའོ་མོན་གྱི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁབ་ཕྱི་ནང་གི་སྤུན་ཟླ་དང་རྒྱལ་སྤྱིའི་མཛའ་གྲོགས་མི་སྣར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་གནང་བ་རེད། ཞི་ཅིན་ཕིང་གིས། ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ་20སོང་ཚུན་ཐོབ་པའི་གྲུབ་འབྲས་ནི་སྐྱེ་བོ་ཀུན་གྱི་མཐོང་ཆོས་སུ་གྱུར་བ་དང་། རྩ་ཁྲིམས་དང་ཨའོ་མོན་གྱི་གཞི་རྩའི་བཅའ་ཁྲིམས་ཀྱིས་རྨང་གཞིར་བྱས་པའི་རྩ་ཁྲིམས་ལམ་ལུགས་དང་སྒྲིག་ལམ་བརྟན་པོ་བཙུགས་པ། བཅོས་སྐྱོང་མ་ལག་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་སོང་བ། དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ། གྲོང་མིའི་འཚོ་བ་རྒྱུན་མཐུད་ལེགས་བཅོས་བྱུང་བ། སྤྱི་ཚོགས་བརྟན་ལྷིང་དང་ཞི་མཐུན་རྒྱུན་འཁྱོངས་ཐུབ་པ། སྣེ་མང་རིག་གནས་ཕན་ཚུན་འོད་མདངས་འཕྲོ་རེས་བྱས་ཡོད་ཅེས་གསུངས་པ་རེད། 
     ཞི་ཅིན་ཕིང་གིས། ཨའོ་མོན་གྱི་ས་ཁྱོན་ཆུང་ནའང“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ལག་བསྟར་བྱེད་པའི་ཁྲོད་དམིགས་བསལ་གྱི་ནུས་པ་ཐོན་ཡོད། ཨའོ་མོན་གྱི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་གྲུབ་འབྲས་ཐོབ་པའི་ལག་ལེན་ལ་ཕྱོགས་སྡོམ་བྱས་ཚེ་གཤམ་གསལ་གྱི་ཉམས་མྱོང་གལ་ཆེན་བཞི་ཐོབ་ཐུབ་པ་སྟེ།
     དང་པོ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལམ་ལུགས་ཀྱི་གདེང་ཚོད་ཐོག་མཐའ་བར་གསུམ་དུ་བརྟན་དུ་བཏང་ཞིང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་གིས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་དང་། ཨའོ་མོན་ཡུན་རིང་དར་རྒྱས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་གཉིས་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས་དང་། བློ་རྩ་བརྟན་པོའི་ངང་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་གལ་ཆེན་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་རབ་དང་རིམ་པ་ལས་བྱུང་བའི་གོ་སྐབས་དམ་འཛིན་བྱེད་མཁས་པོ་བྱེད་པ། དུས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་མཉམ་འདྲེས་བྱས་ཏེ་རང་ངོས་འཕེལ་རྒྱས་སྔར་ལས་ལྷག་པ་ཡོང་བ་བྱས་ཡོད། ཨའོ་མོན་གྱི་གྲུབ་འབྲས་ཐོབ་པའི་ལག་ལེན་ལས་ང་ཚོར“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ལ་ཡིད་ཆེས་བརྟན་པོ་དང་ལག་ལེན་ཡག་པོ་བསྟར་ཚེ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་གསོན་ཤུགས་དང་ཁྱད་འཕགས་རང་བཞིན་གང་ལེགས་མངོན་པ་གསལ་བཤད་བྱས་ཡོད། 
     གཉིས་པ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ཡང་དག་པའི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་ཁོང་དུ་ཡག་པོ་ཆུད་པ་བྱས་ཤིང་། རྒྱ་ཆེའི་སྤུན་ཟླ་ཨའོ་མོན་བ་ཚོས་དར་ཆ་གསལ་སྟོན་གྱིས་རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ནང་གཏན་འཁེལ་བྱས་པའི་རྩ་ཁྲིམས་ཀྱི་ལམ་ལུགས་དང་སྒྲིག་ལམ་ལ་སྲུང་སྐྱོང་དང་། རྒྱལ་ཁབ་ཀྱིས་ལག་ལེན་གཙོ་བོ་བསྟར་བའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་འཇོག་བྱས་པ། ཀྲུང་དབྱང་དང་དམིགས་བསལ་སྲིད་འཛིན་ཁུལ་དང་འབྲེལ་བ་ཡོད་པའི་འབྲེལ་ཡོད་གནད་དོན་ཐག་གཅོད་ཡང་དག་བྱས་ཡོད། ཨའོ་མོན་གྱི་གྲུབ་འབྲས་ཐོབ་པའི་ལག་ལེན་དངོས་ལས་ང་ཚོར“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་གྱི་རྣམ་པ་མི་འགྱུར་བའི་འགན་ལེན་བྱས་ཚེ། གཞི་ནས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱ་གཞག་བརྟན་པོ་ཡོང་བ་དང་འཕེལ་རྒྱས་ཡུན་རིང་ཡོང་རྒྱུར་སྐུལ་འདེད་གཏོང་ཐུབ་པ་གསལ་བཤད་བྱས་ཡོད།
     གསུམ་པ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་འགན་འཁྲི་འཁུར་སེམས་ཐོག་མཐའ་བར་གསུམ་དུ་ཟབ་ཏུ་བཏང་ཞིང་། རྒྱ་ཆེའི་སྤུན་ཟླ་ཨའོ་མོན་བ་ཚོས་བདག་པོའི་འདུ་ཤེས་ཀྱི་ཐོག་ནས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཨའོ་མོན་བས་ཨའོ་མོན་སྐྱོང་བ” ཚད་མཐོའི་རང་སྐྱོང་བཅས་གྲུབ་འབྲས་ཐོབ་པའི་ངང་ལག་ལེན་བསྟར་རྒྱུ་དེ་ཐུན་མོང་གི་འགན་འཁྲིར་བརྩིས་ཡོད། ཨའོ་མོན་གྱི་གྲུབ་འབྲས་ཐོབ་པའི་ལག་ལེན་དངོས་ལས་ང་ཚོར་རང་ཁྱིམ་རང་བདག་བྱུང་བའི་སྤུན་ཟླ་ཨའོ་མོན་བས་དུས་རབས་ཀྱི་འགན་འཁྲི་ལྕི་པོ་འཁུར་ཐུབ་པ་དང་། དམིགས་བསལ་སྲིད་འཛིན་ཁུལ་དོ་དམ་ཡག་པོ་དང་། འཛུགས་སྐྲུན་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་གཏོང་ཐུབ་པ་གསལ་བཤད་བྱས་ཡོད། 
     བཞི་པ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་སྤྱི་ཚོགས་ཀྱི་ཆབ་སྲིད་རྨང་གཞི་ཐོག་མཐའ་བར་གསུམ་དུ་བརྟན་པོ་བཙུགས་ཤིང་། རྒྱ་ཆེའི་སྤུན་ཟླ་ཨའོ་མོན་བར་རྒྱལ་གཅེས་ཀྱི་སྲོན་རྒྱུན་བཟང་པོ་ལྡན་པ་དང་། རྒྱལ་ཁབ་ལ་མོས་སེམས་དང་། གཏོགས་སེམས། མི་རིགས་ཀྱི་སྤོབས་སེམས་བཅས་ཟབ་མོ་ལྡན་ཡོད། དེ་ནི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཨའོ་མོན་དུ་གྲུབ་འབྲས་ཐོབ་པའི་ངང་ལག་ལེན་བསྟར་བའི་རྒྱུ་རྐྱེན་གལ་ཆེ་ཤོས་དེ་ཡིན། ཨའོ་མོན་གྱི་གྲུབ་འབྲས་ཐོབ་པའི་ལག་ལེན་དངོས་ལས་ང་ཚོར“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་དང་འཚམ་པའི་སྤྱི་ཚོགས་ཀྱི་ཆབ་སྲིད་རྨང་གཞི་ཟམ་མི་ཆད་པར་སྲ་བརྟན་དང་འཕེལ་རྒྱས་བཏང་བ་དང་། རྒྱལ་གཅེས་ཨའོ་གཅེས་ཀྱི་དར་ཆའི་འོག་ཆེས་རྒྱ་ཁྱབ་ཀྱི་མཐུན་སྒྲིལ་བྱེད་རྒྱུ་ནི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ལམ་བུའི་ཐོག་མདུན་སྐྱོད་བྱེད་པའི་རྩ་བའི་འགན་སྲུང་ཡིན་པ་གསལ་བཤད་བྱས་ཡོད་ཅེས་གསུངས་པ་རེད། 
     ཞི་ཅིན་ཕིང་གིས་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་གསར་པའི་སྲིད་གཞུང་ལ་ཐུགས་རེ་བཞི་བཏོན་གནང་བ་སྟེ། གཅིག་ནས་དུས་བསྟུན་འཕེལ་རྒྱས་མཐའ་འཁྱོངས་བྱས་ནས་དམིགས་བསལ་སྲིད་འཛིན་ཁུལ་གྱི་བཅོས་སྐྱོང་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་། གཉིས་ནས་གསར་འབྱེད་གསར་གཏོད་མཐའ་འཁྱོངས་བྱས་ཏེ་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་སྔར་ལས་ལྷག་པ་གཏོང་བ། གསུམ་ནས་མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་དམངས་འཚོ་འགན་སྲུང་དང་ལེགས་བཅོས་སྔར་ལས་ལྷག་པ་བྱེད་པ། བཞི་ནས་ཁོང་ཡངས་དང་ཕྱར་བ་གྲུ་འདེགས་མཐའ་འཁྱོངས་བྱས་ཏེ་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་སྔར་ལས་ལྷག་པ་གཏོང་བ་བཅས་བྱེད་དགོས།
     ཞི་ཅིན་ཕིང་གིས། ཤང་ཀང་དང་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་རྗེས། དམིགས་བསལ་སྲིད་འཛིན་ཁུལ་གཉིས་ཀྱི་དོན་དག་ཐག་གཅོད་བྱ་རྒྱུ་རྦད་དེ་ཀྲུང་གོའི་ནང་སྲིད་གནད་དོན་ཡིན་པས་ཕྱི་ཕྱོགས་ཀྱི་སྟོབས་ཤུགས་གང་ལའང་ཐེ་ཇུས་བྱེད་དབང་མེད། ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་སྲུང་སྐྱོང་བྱེད་པའི་བློ་རྩ་སྲ་ཞིང་བརྟན་པས། ང་ཚོས་ཕྱི་ཕྱོགས་ཀྱི་སྟོབས་ཤུགས་གང་རུང་ཞིག་གིས་ཀྱང་ཤང་ཀང་དང་ཨའོ་མོན་གྱི་དོན་དག་ལ་ཐེ་ཇུས་གཏན་ནས་བྱེད་དུ་འཇུག་རྒྱུ་མིན་ཞེས་ནན་གསུངས་གནང་བ་རེད། 
     ཧོ་དབྱི་ཁྲེང་གིས་ཤིས་ཚིག་སྒྲོན་སྐབས། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་ལྔ་པའི་སྲིད་འཛིན་དཔོན་ཞིག་ཡིན་པའི་ངོས་ནས། ང་རང་གི་འགན་འཁྲི་གཟི་བརྗིད་ལྡན་པ་དང་། ལས་འགན་ལྕི་པོ་ཡིན་པའི་མྱོང་ཚོར་ཟབ་མོ་བྱུང་། ང་ཚོས་མཉམ་སྒྲུབ་ཡར་འབད་དང་གསར་བསྒྱུར་གསར་གཏོད་བྱ་རྒྱུ་དེ་སྐབས་གསར་པའི་སྲིད་གཞུང་གི་སྲིད་སྐྱོང་འདུ་ཤེས་སུ་བྱས་ནས། བསམ་བློར་བཅིངས་འགྲོལ་དང་། ཚན་རིག་དང་མཐུན་པའི་བཀོད་ཇུས། ལས་དོན་སྒྲུབ་ཕོད་པ་བཅས་བྱས་ཏེ་ཁྱོན་ཡོངས་དང་ཡང་དག་པའི་སྒོ་ནས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་ལག་བསྟར་བྱེད་པ་དང་། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ལ་དམ་པོར་གཞིགས་ནས་ལས་དོན་སྒྲུབ་པ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་སྲུང་སྐྱོང་ཏན་ཏིག་བྱེད་པ། བློ་སྟོབས་དེ་བས་ཆེ་བ་དང་དུས་བསྟུན་འཕེལ་རྒྱས་ཀྱི་གསར་བསྒྱུར་གསར་གཏོད་ཀྱི་ནུས་པའི་ཐོག་ནས་ཨའོ་མོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་བྱ་གཞག་ཁག་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ལས་ཀའི་གྲུབ་འབྲས་བརྟན་པོའི་ཐོག་ནས་ཀྲུང་དབྱང་སྲིད་གཞུང་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱ་ཆེའི་གྲོང་མིས་ང་ཚོར་ཡིད་ཆེས་དང་རྒྱབ་སྐྱོར་བྱས་པར་དྲིན་ལན་འཇལ་རྒྱུ་ཡིན། ཀྲུང་དབྱང་སྲིད་གཞུང་གི་རྒྱབ་སྐྱོར་དང་མཛུབ་ཁྲིད་འོག ཨའོ་མོན་འདི་ཉིད་མེས་རྒྱལ་ནང་ས་དང་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་ངེས་ཡིན་ལ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མཉམ་དུ་མངོན་འགྱུར་ཡོང་བ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

ཟླ་12ཚེས་20ཉིན། ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ་20འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་ལྔ་པའི་སྲིད་གཞུང་གི་འགན་བཞེས་མཛད་སྒོ་ཨའོ་མོན་ཨེ་ཤེ་ཡ་ཤར་མའི་ལུས་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་ཁང་དུ་གཟབ་རྒྱས་ངང་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་མཛད་སྒོར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། འདི་ནི་ཞི་ཅིན་ཕིང་གིས་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་ལྔ་པའི་སྲིད་འཛིན་དཔོན་ཧོ་དབྱི་ཁྲེང་གིས་འགན་བཞེས་དམ་བཅའ་འཇོག་པར་ལྟ་སྐུལ་གནང་བཞིན་པ།
ཟླ་12ཚེས་20ཉིན། ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ་20འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་ལྔ་པའི་སྲིད་གཞུང་གི་འགན་བཞེས་མཛད་སྒོ་ཨའོ་མོན་ཨེ་ཤེ་ཡ་ཤར་མའི་ལུས་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་ཁང་དུ་གཟབ་རྒྱས་ངང་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་མཛད་སྒོར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། འདི་ནི་ཞི་ཅིན་ཕིང་གིས་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་ལྔ་པའི་སྲིད་འཛིན་དཔོན་ཧོ་དབྱི་ཁྲེང་གིས་འགན་བཞེས་དམ་བཅའ་འཇོག་པར་ལྟ་སྐུལ་གནང་བཞིན་པ།

  
style="display:none;"