མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཨའོ་མོན་དུ་བཅའ་སྡོད་དཔུང་སྡེར་གཟིགས་ཞིབ་གནང་སྐབས། དཔུང་སྡེ་འཛུགས་སྐྱོང་ལ་
ཕྱོགས་ཡོངས་ནས་ཤུགས་སྣོན་གྱིས་ལས་འགན་སྒྲུབ་ནུས་ཁྱོན་ཡོངས་ནས་ཆེ་རུ་བཏང་སྟེ“རྒྱལ་ཁབ་གཅིག་ལ་
ལམ་ལུགས་གཉིས”ཨའོ་མོན་དུ་གྲུབ་འབྲས་ཐོབ་པའི་ངང་ལག་ལེན་བསྟར་རྒྱུར་སྐུལ་འདེད་གཏོང་ཆེད་
ལེགས་སྐྱེས་གསར་པ་སྔར་ལས་ཆེ་བ་འབུལ་དགོས་ཞེས་ནན་གསུངས་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་22ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ཟླ་12ཚེས་20ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཨའོ་མོན་དུ་བཅའ་སྡོད་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དཔུང་སྡེར་གཟིགས་ཞིབ་གནང་བ་དང་འབྲེལ། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ནས། ཨའོ་མོན་དུ་བཅའ་སྡོད་དཔུང་སྡེའི་དཔོན་དམག་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་ཞུས་གནང་ཞིང་། འདི་ནི་ཞི་ཅིན་ཕིང་གིས་ཨའོ་མོན་དུ་བཅའ་སྡོད་དཔུང་སྡེར་གཟིགས་ཞིབ་གནང་བའི་གནས་ཚུལ་ཡིན་པ

ཟླ་12ཚེས་20ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཨའོ་མོན་དུ་བཅའ་སྡོད་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དཔུང་སྡེར་གཟིགས་ཞིབ་གནང་བ་དང་འབྲེལ། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ནས། ཨའོ་མོན་དུ་བཅའ་སྡོད་དཔུང་སྡེའི་དཔོན་དམག་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་ཞུས་གནང་ཞིང་། འདི་ནི་ཞི་ཅིན་ཕིང་གིས་ཨའོ་མོན་དུ་བཅའ་སྡོད་དཔུང་སྡེར་གཟིགས་ཞིབ་གནང་བའི་གནས་ཚུལ་ཡིན་པ

     ཤིན་ཧྭ་གསར་འགྱུར་ཁང་ཨའོ་མོན་ནས་ཟླ་12ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཨའོ་མོན་དུ་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ་20འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོར་ཞུགས་བཞིན་པའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚེས་20ཉིན་གྱི་ཕྱི་དྲོར་ཨའོ་མོན་དུ་བཅའ་སྡོད་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དཔུང་སྡེར་གཟིགས་ཞིབ་གནང་སྐབས། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ནས། ཨའོ་མོན་དུ་བཅའ་སྡོད་དཔུང་སྡེའི་དཔོན་དམག་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་གནང་བ་དང་སྦྲགས། ཁོང་གིས། འགོ་འཛུགས་ས་གསར་པའི་ཐོག་དཔུང་སྡེ་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། ལས་འགན་སྒྲུབ་ནུས་ཁྱོན་ཡོངས་ནས་ཆེ་རུ་བཏང་སྟེ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཨའོ་མོན་དུ་གྲུབ་འབྲས་ཐོབ་པའི་ངང་ལག་ལེན་བསྟར་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་སྔར་ལས་ཆེ་བ་འབུལ་དགོས་ཞེས་ནན་གསུངས་གནང་བ་རེད། 
     ཕྱི་དྲོའི་ཆུ་ཚོད་3དང་སྐར་མ་10ལྷག་ཙམ་ཐོག ཞི་ཅིན་ཕིང་ཨའོ་མོན་དུ་བཅའ་སྡོད་དཔུང་སྡེའི་འགག་སྒོ་གསར་པའི་སྒར་ཁུལ་དུ་ཕེབས་ཤིང་། ཞི་ཅིན་ཕིང་གིས་དང་ཐོག་དཔུང་སྡེར་གཟིགས་ཞིབ་གནང་བ་དང་། གཟིགས་ཞིབ་དང་ལེན་བྱེད་མཁན་དཔོན་དམག་ཚོ་རུ་སྟར་སྒྲིག་པོ་བསྒྲིགས་པ་དང་དཔའ་ངར་རབ་ཏུ་མངོན། རྔམ་བརྗིད་ལྡན་པའི་དམག་གཟིགས་རོལ་དབྱངས་ཁྲོད། ཞི་ཅིན་ཕིང་གིས་གཟབ་སྦྲེང་རུ་བསྟར་གྲུ་བཞི་དང་། འགོག་སྲུང་དམག་རྒྱག་རུ་བསྟར་གྲུ་བཞི། གཏུམ་སྤྱོད་འགོག་རྒོལ་རུ་བསྟར་གྲུ་བཞི། འཇིགས་སྐུལ་འགོག་རྒོལ་རུ་བསྟར་གྲུ་བཞི། འཕྲལ་སྡོམ་རོགས་སྐྱོབ་རུ་བསྟར་གྲུ་བཞི་བཅས་ལ་རིམ་པ་བཞིན་གཟིགས་ཞིབ་གནང་ནས། “བློ་མཐུན་ཚོ། ཁམས་བཟང” “ཀྲུའུ་ཞི། སྐུ་ཁམས་བཟང” “བློ་མཐུན་ཚོ། དཀའ་ལས་ཁག་སོང” “མི་དམངས་ཆེད་དུ་ཞབས་འདེགས་ཞུ”ཞི་ཅིན་ཕིང་གིས་གཟིགས་ཞིབ་དང་ལེན་བྱེད་མཁན་དཔོན་དམག་ཚོར་བྱམས་བརྩེའི་ངང་འཚམས་འདྲི་གནང་བར་དཔོན་དམག་ཚོས་སྐད་གསང་མཐོན་པོས་དེ་ལྟར་ལན་བཏབ་པ་རེད། 
     སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད། ཞི་ཅིན་ཕིང་གིས་ཨའོ་མོན་དུ་བཅའ་སྡོད་དཔུང་སྡེའི་ལས་བྱེད་པ་ཡོངས་ལ་བྱམས་བརྩེའི་ངང་མཇལ་འཕྲད་གནང་ནས། ཁོང་ཚོ་རེ་རེ་བཞིན་ལ་ཕྱག་བཏང་གནང་ནས་ལྷན་བཞུགས་དྲན་རྟེན་སྐུ་པར་ཡང་བསྐྱོན་གནང་བ་རེད། 
     ཞི་ཅིན་ཕིང་གིས། ལོ་ངོ་20རིང་། ཨའོ་མོན་དུ་བཅའ་སྡོད་དཔུང་སྡེས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཐབས་ཇུས་མཛུབ་སྟོན་མཐའ་གཅིག་ཏུ་ལག་བསྟར་བྱས་པ་དང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་དང་བཅའ་སྡོད་དཔུང་སྡེའི་བཅའ་ཁྲིམས་བཅས་དོན་འཁྱོལ་བྱས་ནས། འགོག་སྲུང་ལས་དོན་བསྒྲུབ་རྒྱུ་ལྟེ་བར་བྱས་པའི་ལས་འགན་ཁག་ཡག་པོ་བསྒྲུབས་ཏེ། རང་རེའི་དམག་དཔུང་གི་དཔའ་ངར་ལྡན་པ་དང་ཡ་རབས་ལྡན་པའི་གཟུགས་བརྙན་ཡག་པོ་ངོམས་ཡོད་པས། ཏང་དང་མི་དམངས་བློ་བདེ་ཞིང་ཨའོ་མོན་གྱི་སྤུན་ཟླ་ཚོས་ཡིད་ཆེས་བྱེད་ཆོག་པའི་བློ་དཀར་སེམས་དཀར་གྱི་སྲུང་དམག་ཅིག་ཡིན་པར་ངོ་གནོངས་མི་དགོས་ཞེས་གསུངས་པ་རེད། 
     ཞི་ཅིན་ཕིང་གིས། ཨའོ་མོན་དུ་བཅའ་སྡོད་དཔུང་སྡེའི་འགན་འཁྲི་ལྕི་ལ་ལས་འགན་གཟི་བརྗིད་ཆེ་བས། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་བསམ་བློ་ལག་བསྟར་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར། འགོ་འཛུགས་ས་གསར་པའི་ཐོག་ནས་དཔུང་སྡེ་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། ལས་འགན་སྒྲུབ་ནུས་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་མཐའ་གཅིག་ཏུ་སྲུང་སྐྱོང་། ཨའོ་མོན་གྱི་དར་རྒྱས་དང་བརྟན་ལྷིང་མཐའ་གཅིག་ཏུ་སྲུང་སྐྱོང་བཅས་བྱས་ནས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཨའོ་མོན་དུ་གྲུབ་འབྲས་ཐོབ་པའི་ངང་ལག་ལེན་བསྟར་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་སྔར་ལས་ཆེ་བ་འབུལ་དགོས་ཞེས་ནན་གསུངས་གནང་བ་རེད།

  
style="display:none;"